ཚོགས་འདུ་གཉིས་ཀྱི་པར་རིས།
སྤེལ་དུས 2025-03-11
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཚེས་6ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ཀྱི་འཐུས་མི་ཚོགས་པས་ཚོགས་པ་དང་ཚོགས་ཆུང་སྒོ་དབྱེའི་བྱེད་སྒོ་སྤེལ་ཞིང་། ས་གནས་ས་ཐོག་ཏུ་ཀྲུང་ཕྱིའི་སྨྱན་སྦྱོར་60ཙམ་གྱི་གསར་འགོད་པ་90ལྷག་ཙམ་བྱེད་སྒོར་ཞུགས་པ་རེད། འདི་ནི་དཔལ་འབྱོར་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་ས་གནས་ས་ཐོག་ཏུ་དྲི་བ་འདོན་བཞིན་པ།
འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷག་ཆུང(གཡོན་གྱི་གཉིས་པ)གིས་ས་གནས་ས་ཐོག་ཏུ་གསར་འགོད་པའི་དྲི་བར་ལན་སྐྱོན་བཞིན་པ།
ཟླ་3ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་360ལྷག་ཙམ་གྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཡིད་ལ་བཅངས་པའི་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་སྤོབས་སེམས་ཆེར་སྐྱེད་ཀྱིས་ཚོགས་རར་ཕེབས་ནས་རྒྱལ་ཇུས་མཉམ་གྲོས་དང་འཕེལ་རྒྱས་མཉམ་གཉེར་གནང་ཞིང་། འདི་ནི་རང་ལྗོངས་ཀྱི་འཐུས་མི་ཚོགས་པའི་འཐུས་མི་རྣམས་ཚོགས་འདུའི་བར་གསེང་དུ་ངལ་གསོ་ཁང་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་གནང་བར་ཕེབས་བཞིན་པ།