ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་ཨུ་ཡོན་ཚོའི་ཉམས་བཟང་།

སྤེལ་དུས 2025-03-11 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

      ཟླ3པའི་ཚེས10ཉིན་གྱི་སྔ་དྲོར།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་རྗེས།པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་མཇུག་སྒྲིལ་བ་རེད། ཉིན་ཤས་རིང་།བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རང་འགན་གཙང་སྒྲུབ་ཧུར་ཐག་བྱས་ནས་བོད་ལྗོངས་འཕེལ་རྒྱས་དང་ཡར་རྒྱས་བྱུང་བའི་གཏམ་རྒྱུད་ཡག་པོ་བཤད་པ་དང་།རྒྱལ་ཁབ་ཀྱི་དོན་ཆེན་དང་མི་དམངས་ཀྱི་རེ་སྒུག་ལ་དམིགས་ནས་གྲོས་གཞི་ཁག31ཕུལ་བས་སྲིད་གླེང་གི་གྲུབ་འབྲས་ཡག་པོ་ཐོབ་ཡོད་ལ་འགན་སྒྲུབ་ཀྱི་ནུས་པའང་ཡག་པོ་ཐོན་ཡོད།  ཚོགས་ར་ནས་དོན་རྗེས།ཨུ་ཡོན་ཚོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་མངོན་འགྱུར་ཡོང་བར་འདེགས་སྐྱོར་དང་བོད་ལྗོངས་ཀྱི་བརྟན་ལྷིང་དང་།འཕེལ་རྒྱས།སྐྱེ་ཁམས།མཐའ་སྟོབས་བཅས“དོན་ཆེན་བཞི”ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་འགན་འཁྲི་སྒྲུབ་པའི་གཙོ་གནད་དུ་བརྩིས་པ་དང་། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་དང་དོ་ཁུར་བྱེད་སར་དམ་པོར་དམིགས་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཀྱིས་དོན་ལ་སྨིན་པའི་གྲོས་འགོ་འདོན་པ་དང་།བློ་གྲོས་ལྡན་པའི་ཇུས་གཞི་འབུལ་བ།དམངས་ལ་ཕན་པའི་དོན་དག་སྒྲུབ་པ་བཅས་བྱས་ཏེ།དེ་བས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བར་བསུ་བ་ཞུ་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས།