ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སྲོལ་རྒྱུན་མཛད་སྒོ་དེའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་འདུག

སྤེལ་དུས 2025-03-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

བོད་ལྗོངས་ཆུ་ཤུར་རྫོང་གིས་རྨོན་གཉའ་གཅོག་པའི་མཛད་སྒོ་དང་སྲོལ་རྒྱུན་གྱི་ཞིང་ལས་རིག་གནས་ཉམས་ལེན་བྱེད་སྒོ་སྤེལ་བ། 

     2025ལོའི་ཟླ3པའི་ཚེས16ཉིན། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་རྟ་དཀར་གྲོང་རྡལ་ཟས་མདའ་གྲོང་ཚོར་རྨོན་གཉའ་གཅོག་པའི་མཛད་སྒོ་དང་སྲོལ་རྒྱུན་གྱི་ཞིང་ལས་རིག་གནས་ཉམས་ལེན་བྱེད་སྒོ་སྤེལ། ལོ་ངོ1600ལྷག་ཙམ་གྱི་ལོ་རྒྱུས་ཡོད་པའི་མཛད་སྒོ་དེའི་ཐོག་རིག་རྩལ་འཁྲབ་སྟོན་དང་། དངོས་མིན་རིག་གནས་ཤུལ་བཞག་འགྲེམ་སྟོན། བོད་ཟས་ཀྱི་རོ་བཅུད་མྱོང་རོལ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་བཀོད་སྒྲིག་བྱས་ནས་སྲོལ་རྒྱུན་གྱི་མཛད་སྒོ་དེའི་ནང་དོན་ཕུན་སུམ་ཚོགས་པར་བྱས་པ་མ་ཟད། དེང་རབས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཡོད།

     སྲོལ་རྒྱུན་གྱི་རྨོན་གཉའ་གཅོག་པའི་བྱེད་སྒོ་ནི་དཔྱིད་ཟོར་ཐོང་འཛོམས་པའི་ཉིན་དེར་རྨོན་མཛོ་རྨོན་གླང་དང་། རྟ་དྲེལ་སོགས་ལ་སོ་ནམ་ཡོ་བྱད་ཀྱིས་མཛེས་པར་བརྒྱན་ནས་རྨོན་གཉའ་གཅོག་གི་ཡོད་ཅིང་། རེ་བའི་ཞིང་ལ་ལོ་ལེགས་ཀྱི་འབྲས་བཟང་སྨིན་པའི་སྨོན་འདུན་བཟང་པོ་མཚོན་པར་བྱེད་ཀྱི་ཡོད། འོན་ཀྱང་ད་ཆ་ཞིང་ལས་འཕྲུལ་ཆས་ཅན་ལ་གྱུར་བ་དང་བསྟུན་ནས་བོད་ལྗོངས་ཀྱི་ས་ཆ་མང་པོར་ཞིང་འཕྲུལ་ཡོ་བྱད་ལ་དར་ཚོན་སྣ་ཚོགས་ཀྱིས་བརྒྱན་ནས་སྲོལ་རྒྱུན་གྱི་བྱེད་སྒོ་དེ་བསུ་བ་ཞུ་གི་ཡོད།

     ད་ཐེངས་བྱེད་སྒོའི་ཐོགརིག་རྩལ་འཁྲབ་སྟོན་དང་། དངོས་མིན་རིག་གནས་ཤུལ་བཞག་འགྲེམ་སྟོན། བོད་ཟས་ཀྱི་རོ་བཅུད་མྱོང་རོལ། ཡུལ་སྐོར་ཉམས་ལེན་སོགས་པའི་བྱ་ཐབས་གསར་པར་བརྟེན་ནས་སྲོལ་རྒྱུན་གྱི་མཛད་སྒོའི་ནང་དོན་ཕུན་སུམ་ཚོགས་པར་བྱས་ཐོག སྲོལ་རྒྱུན་རིག་གནས་དང་དེང་རབས་འཛད་སྤྱོད་ཟུང་སྦྲེལ་གྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཡོད།

     དེ་ནི་རང་བྱུང་མཛེས་ལྗོངས་དང་། སོ་ནམ་རིག་གནས། དམངས་སྲོལ་སྒྱུ་རྩལ་བཅས་གཅིག་ཏུ་འདུས་པའི་མཛད་སྒོ་ཞིག་ཡིན་ཞིང་། དཔྱིད་ཀྱི་ཞིང་ས་གཤིན་པོར་རེ་བའི་ས་བོན་བཏབ་ནས་ལོ་ལེགས་འབྲས་བཟང་སྨིན་པའི་སྨོན་འདུན་བཟང་པོ་མཚོན་པར་བྱེད་པ་དང་ཆབས་ཅིག གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད།