ཡུལ་སྐོར་གྱི་གནས་ཡུལ་མི་འདྲ་བ་ནས་ཡུལ་ལྗོངས་མི་འདྲ་བར་མཐོང་ཞིང་། མི་ཚེ་ཡི་འགྲོ་ལམ་མི་གཅིག་ཀྱང་། བདེ་སྐྱིད་ཀྱི་ཕ་མཐའ་སླར་ཡང་ལོག་སྲིད། ལམ་འདིའི་སྟེང་གི་འཕྲད་པ་རེ་རེ་ནི་ཞིང་ཁ་དང་། གྲོང་ཚོ། ཚོང་ཁང་། སྤོ་ལོའི་ཐང་སོགས་ཡིན་ལ། དེ་དག་ལས་མངོན་པའི་ཚེ་སྲོག་གི་རྣམ་པས། ང་ལ་མྱོང་བ་ཞིག་སྐྱེ་རུ་བཅུག་སྟེ། ཁ་ཕྱོགས་དེ་རུ་ཆས་འགྲོ་བ་ཡིན་ན་འཚོ་བ་ལ་རེ་བས་ཁེངས་སྲིད།
ལོ་བཅུ་ལ་བུད་པ་ཙམ་ནས་ཨ་མའི་འགྲམ་ནས་བསླས་འཐག་སྦྱངས་ཤིང་། ད་ཆ་ལོ40ཙམ་ཕྱིན་སོང་། དེ་སྔའི་འཚོ་བར་དཀའ་ཁག་ཅུང་ཙམ་ཡོད་ཀྱང་། ད་ནི་རང་གིས་གྱོན་གོས་ལས་སྣོན་གྱི་ཚོང་ཁང་གཅིག་གཉེར་ཞིང་། འཚོ་བ་ནི་ཉིན་རེ་བཞིན་ཇེ་བཟང་དུ་ཕྱིན། ཁོམ་ལོང་བྱུང་དུས་རང་གི་བུ་མོར་ལག་ཤེས་བསླབ་ཏུ་བཅུག་ཅིང་། དེ་མིན་ན་གཞོན་རྣམས་ལ་གསོ་སྦྱོང་ཡང་བྱས།
དཀོན་མོ། བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག“ཉིང་ཁྲི་མོན་པའི་གྱོན་ཆས”ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ།
སྔོན་ཆད་གཞུང་ལམ་མེད་པས། དངོས་པོ་ཡོད་ཚད་རང་གིས་ཁུར་དགོས་ཤིང་། བཟའ་བཅའ་རང་གིས་འདེབས་ཐུབ་ཀྱང་སྣུམ་དང་། གྱོན་ཆས། རྒྱུན་གཏན་གྱི་མཁོ་ཆས་སོགས་ནི་ཕྱིར་ཉོ་རུ་མི་འགྲོ་ག་མེད་ཡིན། ཉིར་ཁྲིར་ཐེངས་གཅིག་འགྲོ་བར་མགྱོགས་ཤོས་ལ་ཡང་ཉིན16ཡི་ལམ་ཐག་ཡོད། ད་ལྟ་གང་དུ་སོང་ན་ཡང་སེམས་ཁྲལ་བྱེད་མི་དགོས། མ་རྨོས་ལོ་ཏོག་དང་ཇ་འདེབས་པ་ཕུད། གྲོང་ཚོ་རེ་རེ་དང་ཁྱིམ་ཚང་རེ་རེ་ཚང་མར་ཚོང་སྟེགས་རེ་རེ་ཡོད་དེ། ཡུལ་སྐོར་བ་མང་དུས་ཉིན་གཅིག་ལ་ཡོང་འབབ་སྒོར་སུམ་བརྒྱ་བཞི་བརྒྱ་ཡོད། ཚེ་རིང་དབང་རྒྱལ། མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་དམག་སྡེ་གྲོང་ཚོའི་གྲོང་མི།
ང་ཚོས་འདིར་བཏབ་པའི་ཇ་ལོའི་རིགས་ནི་ཕུའུ་ཏིན་ཏ་པེ་ཡིན་ཞིང། དེང་ཐོག་ཚང་མས་ཇ་ཇི་ལྟར་འདེབས་པ་དང་ཇི་ལྟར་འཐུ་དགོས་ཚུལ་མི་ཤེས་མོད། གསོ་སྦྱོང་བྱེད་པའི་རིང་དུ། དགེ་རྒན་གྱིས་ང་ཚོར་རེ་རེ་བཞིན་སློབ་སྟོན་མཛད་པས། ད་གཞི་ནས་ཚང་མས་ལོ་མ་གཅིག་དང་ལོ་མ་གཉིས་ཀྱི་དབྱེ་བ་འབྱེད་ཐུབ། གང་ལགས་ཤེ་ན། རིམ་པ་མི་འདྲ་བའི་ཇ་ལོའི་རིན་གོང་ལ་ཁྱད་པར་ཅུང་ཆེན་པོ་ཡོད། ཇ་ལོ་སྔོན་པོ་ནི་ཉེ་འགྲམ་གྱི་ལས་སྣོན་བཟོ་གྲྭ་ནས་ཉོ་སྒྲུབ་བྱེད་ཀྱི་ཡོད། ཇ་ལོ་ལས་སྣོན་བྱས་རྗེས་ང་ཚོའི་གྲོང་ཚོའི“མེ་ཏོག་གི་ནོར་བུ་བཅུའི་ཚོང་ཁང”ནས་ཕྱིར་ཚོང་བྱེད་ཀྱི་ཡོད། ཡུལ་སྐོར་བ་ཁ་ཤས་ཀྱིས་ད་དུང་རང་ཉིད་ཀྱིས་ཇ་ལོ་འཐུ་བ་དང་ཇ་ལོ་བརྔོས་སྟངས་ཉམས་ལེན་བྱེད་ཀྱི་ཡོད།
སྒྲོལ་མ་ཆོས་འཛོམས། མེ་ཏོག་རྫོང་དགའ་ལྡན་ཞང་དགྱེ་གླིང་གྲོང་ཚོའི་གྲོང་མི།
ཇ་ལོ་འདེབས་འཛུགས་བྱེད་པ་དང་ཁང་པ་བོགས་མར་གཏོང་བ། སྐབས་འགར་ཕྱི་ལ་ཞོར་ལས་བྱེད་པར་འགྲོ་གི་ཡོད། ད་དུང་སྐྱེ་ཁམས་ནགས་སྲུང་ལས་ཀའི་ནང་ཞུགས་ཡོད། ད་ལྟ་ཡོང་འབབ་ཡོང་ཁུངས་ཇེ་མང་དུ་འགྲོ་བཞིན་འདུག་པས་འཚོ་བ་དེ་བས་སྐྱིད་པོ་འདུག
སྨོན་གྲོལ་མཚོ་མོ། མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་མེ་ཏོག་གྲོང་ཚོའི་གྲོང་མི།
ཇ་ལོ་དང་འབྲས་དམར་པོ་འདེབས་པ་ཕུད། ངས་ད་དུང་གྲོང་ཚོའི“མེ་ཏོག་གི་ནོར་བུ་བཅུའི་ཚོང་ཁང”གི་ནང་ལས་ཀར་འགྲོ་བཞིན་ཡོད། ཚོང་ཁང་གི་ཚོང་ཧ་ཅང་ཡག་པོ་འདུག ལོ་གཅིག་ལ་ཡོང་འབབ་ཁྲི100ལྷག་ཙམ་ཡོད་ལ། བསྡུར་ཚད་ལྟར་གྲོང་མིར་བགོ་འགྲེམས་རྒྱག་ཏེ་གྲོང་མི་འབབ་འཕར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་ཀྱི་ཡོད།
ཚེ་རིང་མཚོ་མོ། མེ་ཏོག་རྫོང་དགའ་ལྡན་ཞང་དགྱེ་གླིང་གྲོང་ཚོའི་གྲོང་མི།
རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྣ་ཚོགས་ལ་ཞུགས་པ་བརྒྱུད། ང་དང་རུ་མི་ཚོ་མེ་ཏོག་ནས་ཐོན་རེ་ས་ཆ་གཞན་དུ་བསྐྱོད་ནས་སྔར་ལས་རྒྱ་ཆེ་བའི་འཇིག་རྟེན་མཐོང་བྱུང་ལ། ཡིད་ཆེས་ཆེ་རུ་ཕྱིན་ནས་འཚར་ལོངས་ཀྱང་ཡག་པོ་བྱུང་། སེམས་སུ་ཕུགས་བསམ་ཡོད་ཚེ་དེའི་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་ནས་ཕུགས་འདུན་དེ་མངོན་འགྱུར་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད།
སེར་དཀར་ཚེ་རིང་། མེ་ཏོག་རྫོང་རྐང་རྩེད་སྤོ་ལོར་དགའ་ཞེན་ཡོད་མཁན།