《འུན་ཤིང་ཀོང་ཇོ》འཁྲབ་སྐོར་བཅུ་གསུམ་པ་འཁྲབ་འགོ་ཚུགས་པ།
སྤེལ་དུས 2025-03-27
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
འདི་ནི་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་ཡུལ་ཡིན་པ།
ཚེས་23ཉིན་གྱི་དགོང་མོར། དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་སྐོར་13པ་འཁྲབ་འགོ་ཚུགས་ཤིང་། ས་གནས་ས་ཐོག་ཏུ་ལྟད་མོ་བ་སྟོང་ཕྲག་ཁ་ཤས་དང་ཟློས་གར་ཁང་གི་འཁྲབ་སྟོན་པ་800ལྷག་ཙམ་གྱིས་ཐུན་མོང་ཐོག་སྙན་གྲགས་ཆེ་བའི་ཟློས་གར་ཆེན་པོ་དེ་སླར་ཡང་སྐྱེ་བོ་ཀུན་གྱི་མིག་གསོས་སུ་འགྱུར་བར་བྱས་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར། 2025ལོར་འཁྲབ་ཚན་བཟོ་མཁན་གྱི་གྲས་ཡིན་པའི་ཡུས་ཧྲང་ཧོ་མེ་ཚོགས་པས་གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་དང་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་དང་སློབ་ཁེ་མཉམ་ལས་ཀྱི་གྲོས་མཐུན་ཐེངས་དང་པོ་བཞག་སྟེ། ཆེད་ལས་ཁ་གཏད་སློབ་མ་270ལྷག་ཙམ་ལ་དངོས་སྦྱོང་དང་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཡོད། མིག་སྔར་སློབ་གྲྭའི་དགེ་རྒན་གྱིས་རུ་སྣེ་ཁྲིད་ནས་ཁེ་ལས་སུ་བསྐྱོད་དེ་སློབ་གྲྭ་དང་ཁེ་ལས་ཀྱི་མི་སྣ་ཐུན་མོང་ཐོག་གསོ་སྐྱོང་བྱེད་བཞིན་ཡོད།