མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་བསྟོད་གླུ་ལེན།
སྤེལ་དུས 2025-03-28
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཟླ་3ཚེས་27ཉིན། ཀྲུང་གུང་ལྷ་ས་གྲོང་ཨུད་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུས་གཉེར་འགན་འཁུར་བའི“བསྐལ་པ་བཟང་བའི་ཀྲུང་གོ བདེ་སྐྱིད་ལྡན་པའི་བོད་ལྗོངས”ཞེས་པའི་ལྷ་ས་གྲོང་ཁྱེར་གྱི་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་66འཁོར་བར་དྲན་གསོ་ཞུ་བའི་མང་ཚོགས་ཀྱི་མཉམ་གཞས་འགྲན་བསྡུར་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལྟེ་གནས་སུ་གཉེར་བ་རེད། མཉམ་གཞས་འགྲན་བསྡུར་ལ་ཁྱོན་རུ་ཁག་11ཡོད་པ་དེ་དག་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་དང་བྱེད་ནུས་གླིང་ཁུལ་གྱི་ཞིང་འབྲོག་མང་ཚོགས་དང་ཁེ་ལས་ཀྱི་ལས་བཟོ་སོགས་མི་966ལས་གྲུབ་ཡོད། ད་ཐེངས་ཀྱི་བྱེད་སྒོ་ལས་བོད་ལྗོངས་ཀྱི་ལོ་རྒྱུས་འཕོ་འགྱུར་དང་དུས་རབས་གསར་པའི་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་མངོན་པ་དང་། འགྲན་བསྡུར་ལ་ཞུགས་མཁན་ཞིང་འབྲོག་མང་ཚོགས་དང་ཁེ་ལས་ཀྱི་ལས་བཟོས་སྐད་གསང་མཐོན་པོས་གླུ་དབྱངས་བླངས་ནས་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་དང་། རླབས་ཆེན་གྱི་མེས་རྒྱལ། རླབས་ཆེན་གྱི་དུས་རབས་བཅས་ཀྱི་བཀའ་དྲིན་ཚོར་བ་བྱས་པ་དང་། གླུ་དབྱངས་གནའ་གྲོང་ལྷ་ས་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ཡོད། འདི་ནི་མཉམ་གཞས་འགྲན་བསྡུར་བྱ་ཡུལ་ཡིན་པ།