ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དམངས་སྲོལ་གནས་ཚང་ཡོང་འབབ་བཟང་། ཡུལ་སྐོར་ལས་རིགས་དར་ཞིང་རྒྱས།

སྤེལ་དུས 2025-04-15 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་བཀྲ་ཤིས་སྒང་གྲོང་ཚོའི་དམངས་སྲོལ་གནས་ཚང་གི་སྦྱིན་བདག་མཆོག་ཚེ་རིང་གིས་ཁང་པར་གཙང་སྦྲ་བྱེད་བཞིན་པ།
འདི་ནི་མཆོག་ཚེ་རིང་གི་དམངས་སྲོལ་གནས་ཚང་ཡིན་པ།
     ཉེ་བའི་ལོ་ཤས་རིང་། ཁྱིམ་ཚང་མགྲོན་ཁང་དང་དམངས་སྲོལ་གནས་ཚང་རྩེ་གྲ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་ཀྱི་ལྟ་ན་སྡུག་པའི་མིང་བྱང་དུ་གྱུར་ཡོད། སྤོ་བོ་རྫོང་བཀྲ་ཤིས་སྒང་གྲོང་ཚོར་དམངས་སྲོལ་གནས་ཚང་གི་སྦྱིན་བདག་མཆོག་ཚེ་རིང་གིས་འགྲུལ་ཁང་ལ་གཙང་སྦྲ་བྱེད་བཞིན་ཡོད་ཅིང་། དཀར་ཆ་དོད་པའི་ཁང་པའི་ནང་དེང་རབས་ཅན་གྱི་སྒྲིག་བཀོད་གང་དགོས་ཅི་འཛོམས་ཡོད་ལ་བོད་བཟོའི་རྒྱན་བཀོད་ལེགས་པས་ཡུལ་སྐོར་བར་སྐྱིད་སྣང་ཆེན་པོ་ཚོར་བཞིན་ཡོད། “ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བ་དང་ཆབས་ཅིག་སྤོ་བོ་རྫོང་འདི་ཉིད་ཡུལ་སྐོར་བ་དེ་བས་མང་པོའི་སྨོན་ཡུལ་དུ་འགྱུར་བཞིན་ཡོད། ད་ཆ་ཡུལ་སྐོར་བ་མང་དུ་འགྲོ་བཞིན་ཡོད་ལ་ང་ཚོའི་ཡོང་འབབ་ཀྱང་དེ་སྔོན་ལས་ལྡབ་འཕར་བྱུང་ཡོད”ཅེས་མཆོག་ཚེ་རིང་གིས་འཛུམ་དམུལ་དམུལ་ངང་བཤད།