ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བྲག་འཛེག་ལུས་རྩལ་རྣམ་གྲངས་སློབ་གྲྭར་སྤེལ། སློབ་མ་རྩལ་ལག་ལྡན་པ་དེ་ནས་བྱུང་།

སྤེལ་དུས 2025-04-17 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

            རང་རྒྱལ་གྱི་སྤྱི་ལོ་2025ལོའི་སློབ་ཆུང་ལུས་རྩལ་སྲིད་ཇུས་གསར་པའི་བླང་བྱར་བརྡ་ལན་ཞུ་ཆེད་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུད་ཀྱིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་རི་འཛེག་སྣེ་ཤན་ཀུང་སིས་སྒྲུབ་གཉེར་བྱས་པའི་བྲག་འཛེག་ལུས་རྩལ་རྣམ་གྲངས་སློབ་གྲྭར་སྤེལ་ཞེས་པའི་བྱེད་སྒོ་ལྷ་སར་སྤེལ་བཞིན་ཡོད་པ་རེད།


སློབ་མ་རྣམས་ཀྱིས་བྲག་འཛེག་སློབ་བཞིན་པ།


བྲག་འཛེལ་རྩལ་ཁྲིད་དགེ་རྒན་དང་སློབ་མ་རྣམས་ཀྱི་མཉམ་པར།


            སྲིད་ཇུས་ནང་སློབ་མའི་གཟུགས་གཞི་དང་ལུས་རྩལ་གོམས་གཤིས་གཙོ་གནད་ཐོག་ལེགས་སུ་བཏང་ནས་ལུས་སྟོབས་ཞན་པ་དང་སློབ་ཕྱིའི་ལུས་རྩལ་མི་འདང་བའི་གནད་དོན་ཐག་གཅོད་བྱ་ཆེད་སློབ་གྲྭ་ཆུང་བར་གཟའ་འཁོར་རེར་ལུས་རྩལ་སློབ་ཚན་4ལས་མི་ཉུང་བ་གཏན་འཁེལ་བྱས་ནས་སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་མཉམ་ལས་ཀྱིས་ལུས་རྩལ་སློབ་ཚན་གྱི་ལག་ལེན་རང་བཞིན་དང་སྤྲོ་སྣང་རང་བཞིན་ལ་མཐོང་ཆེན་བྱ་དགོས་པའི་ནན་བཏོན་བྱས་ཡོད། 


            སྲིད་ཇུས་ཀྱི་རྒྱབ་ལྗོངས་འོག་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པ་སོགས་སུ་གཟའ་འཁོར་རེའི་རེས་གཟའ་ཕུར་བུའི་ཉིན་བོད་ལྗོངས་རི་འཛེག་སྣེ་ཤན་ཀུང་སིར་ཆེད་ལས་བྲག་འཛེག་དགེ་རྒན་གྱི་མཛུབ་ཁྲིད་འོག་བྲག་འཛེག་ལུས་རྩལ་རྣམ་གྲངས་སྣ་ཚོགས་ལ་འབྲེལ་འདྲིས་དང་ཉམས་ལེན་གྱིས་སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བཞིན་ཡོད་པ་རེད། 

            སློབ་མ་བསྟན་འཛིན་དཔལ་མཛེས་ཀྱིས་ང་རང་བྱེད་སྒོ་དེར་ཧ་ཅང་དགའ་པོ་ཡོད་ཅེས་བརྗོད་པ་དང་། སློབ་མ་བདེ་ལྡན་བློ་བཟང་གིས་བྱེད་སྒོ་དེས་རང་ཉིད་སྔར་བས་དཔའ་ངར་ལྡན་ཞིང་གཟུགས་གཞིར་སྦྱོང་བརྡར་ཡག་པོ་བྱེད་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

 

            བྲག་འཛེག་ལུས་རྩལ་བྱེད་སྒོའི་འགན་འཁུར་བ་བསྟན་འཛིན་གྱིས། རྣམ་གྲངས་དེ་དག་གིས་སློབ་མའི་ལུས་པོའི་བྱང་ཚད་དང་ཚོགས་པའི་མཉམ་ལས་ནུས་པ་ཆེ་རུ་འགྲོ་ཐུབ་པ་མ་ཟད། རྒྱུན་གཏན་གྱི་འཚོ་བའི་ཁྲོད་ལུས་རྩལ་གྱི་གོམས་གཤིས་ཆགས་རྒྱུར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།

            དེ་ལྟར་བྲག་འཛེག་ལུས་རྩལ་གྱི་བྱེད་སྒོ་འདི་བཞིན་འཆར་ཅན་ངང་གཉེར་བ་དེས་བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་སློབ་ཆུང་སློབ་མར་སྲིད་ཇུས་ཀྱི་བླང་བྱ་བཞིན་སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་མཉམ་ལས་ཀྱིས་ལུས་རྩལ་སློབ་ཚན་གྱི་ལག་ལེན་རང་བཞིན་དང་སྤྲོ་སྣང་རང་བཞིན་ཆེ་རུ་གཏོང་ཆེད་གཞི་འཛིན་སའི་དཔྱད་གཞི་མཁོ་འདོན་བྱས་ཡོད།

རྩོམ་སྒྲིག་པ།  རིག་གྲོལ།