ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཡར་ཉང་འདམ་རའི་དཔྱིད་དུས་ཀྱི་མཛེས་ལྗོངས།

སྤེལ་དུས 2025-04-17 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།


མཁའ་དབྱིངས་ནས་པར་བརྒྱབ་པའི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་།

ཡུལ་སྐོར་བས་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་ལྗོངས་གཟིགས་སྒང་དུ་དྲན་རྟེན་པར་རྒྱག་བཞིན་པ།

ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་མཛེས་ལྗོངས།

           བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་དང་ཏག་ཏག་འཁེལ་བས། བོད་ལྗོངས་ཀྱི་ཡར་ཉང་འདམ་རའི་སྤྱི་གླིང་དུ་ཡུལ་སྐོར་བ་མང་པོ་སླེབས་ཡོད་པ་རེད།

           རྒྱ་མཚོའི་ངོས་ལས་ཆ་སྙོམས་ས་བབ་མཐོ་ཚད་སྨི་2920ཟིན་པའི་བོད་ལྗོངས་ཀྱི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་8738ཡོད་པའི་ནང་འདམ་ར་ཁག་གི་རྒྱ་ཁྱོན་ལ་སྤྱི་ཆིང་5373.10ཡོད་པ་དེར་ཆུ་འབེལ་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པ། སྲོག་ཆགས་དང་རྩི་ཤིང་གི་རིགས་ཧ་ཅང་མང་པོ་ཡོད་པ་རེད།

           ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་1.76བཏང་ནས་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སྐྱེ་ཁམས་ཉམས་གསོའི་ལས་གྲྭ ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོ། ཚན་ཞིབ་སྐྱེ་ཁམས་ལྟ་ཞིབ་ཚད་ལེན། སྲུང་སྐྱོང་སྐོར་སྲུང་ཞིབ་བཤེར་སོགས་ཀྱི་ལས་དོན་སྤེལ་བ་རེད། མིག་སྔར། འདམ་རའི་དོ་དམ་སྲུང་སྐྱོང་བ་70ཡིས་རྒྱུན་རྣམ་ཅན་གྱི་སྒོ་ནས་སྐོར་སྲུང་ལས་དོན་སྤེལ་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས་དོ་སྙོམས་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད། ཡུལ་སྐོར་བ་ཚོས་དེ་གར་གངས་རི་དང་ཁམ་བུའི་མེ་ཏོག་ཕན་ཚུན་གཅིག་ལ་གཅིག་འགྲན་གྱི་མཛེས་ལྗོངས་ལ་མྱོང་རོལ་བྱེད་ཐུབ་ལ། ས་མཐོའི་འདམ་རའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཡིད་དབང་འཕྲོག་ཤུགས་ཀྱང་མྱོང་ཚོར་ཐུབ་ཀྱི་ཡོད། 2024ལོར་འདམ་རའི་སྤྱི་གླིང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་22.3ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་2151བྱུང་ཡོད།


རྩོམ་སྒྲིག་པ།  རིག་གྲོལ།