འཚོ་བ་དང་ཟུང་འབྲེལ་གྱིས་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་བྱས་པ།
སྤེལ་དུས 2025-05-12
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
འདི་ནི་བཅའ་ཁྲིམས་དྲིལ་བསྒྲགས་བྱ་ཡུལ་ཡིན་པ།
འདི་ནི་བྱེད་སྒོའི་ཁྲོད་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།
2025ལོའི་ཟླ་5པ་ནི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བ”ཐེངས་ལྔ་པ་ཡིན་ཞིང་། ཟླ་5ཚེས་7ཉིན། གཞིས་རྩེ་གྲོང་ཁྱེར་གྱིས“མཛེས་སྡུག་ལྡན་པའི་འཚོ་བ། དམངས་དོན་ཁྲིམས་གཞུང་དང་འགྲོགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་ནས་གཉེན་སྒྲིག་ཁྱིམ་ཚང་དང་། རྒྱུ་ནོར་ཤུལ་འཛིན། གན་རྒྱའི་རྩོད་གཞི། ན་སོ་དར་ལ་མ་བབས་པའི་མི་སོགས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཀྱི་དོན་ཚན་རྣམས་རིག་རྩལ་ལེ་ཚན་དང་འབྲེལ་ནས་དྲིལ་བསྒྲགས་བྱས་ཏེ། ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་མང་ཚོགས་དང་ཉེ་བཅར་ཐུབ་ཡོད།
དེའི་རིང་གཙོ་གཉེར་ཕྱོགས་ཀྱིས་ད་དུང་ཁྲོམ་ར་ལྟ་འདོམས་དང་ཁྲལ་དོན་སོགས་ཚན་པའི་ལས་དོན་པ་སྒྲིག་འཛུགས་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུར་དམིགས་ནས་བཅའ་ཁྲིམས་དང་བླངས་ཞབས་ཞུའི་ལས་དོན་སྤེལ་ཏེ་བཅའ་ཁྲིམས་བློ་འདྲི་དང་ལེན་དང་དམངས་ཀྱི་དྲི་བར་ལན་བཏབ་པ་རེད།