རང་རྒྱལ་གྱི་ཐོན་ལས་འདིའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི7.5ཟིན་རྒྱུ།
སྤེལ་དུས 2025-05-19
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
ཚེས17ཉིན། གསར་འགོད་པས2025ལོའི་གྲངས་གཞིའི་བདེ་འཇགས་འཕེལ་རྒྱས་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱིས་གྲངས་གཞིའི་རྒྱུ་རྐྱེན་གཙོ་བོའི་ཐོན་ལས་སྦྲེལ་ཐག་གི་སྟོད་སྨད་ཁེ་ལས་ཁག་གཅིག་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན2030ལོར་སླེབས་སྐབས། རང་རྒྱལ་གྱི་གྲངས་གཞིའི་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི7.5ཟིན་རྒྱུ་རེད།
གྲངས་གཞིའི་ཐོན་ལས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་ནང་བཅུག་པའི་གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཐོག་མ་ཡིན་པའི་ངོས་ནས། རང་རྒྱལ་གྱིས་སྣེ་རིགས་འཛོམས་པའི་གྲངས་གཞིའི་ཐོན་ལས་སྦྲེལ་ཐག་རགས་ཙམ་བསྐྲུན་ཡོད། གྲངས་གཞི་ལས་མངོན་པར། 2024ལོར་རང་རྒྱལ་གྱི་ལོ་འཁོར་མོའི་གྲངས་གཞིའི་ཐོན་སྐྱེད་བསྡོམས་འབོར་ཚིག་འབྲུ་ཙེ41.06ཟིན་པ་དེ་དུས་མཚུངས་ལས25%འཕར་ཡོད། མིག་སྔའི་བར། རང་རྒྱལ་གྱི་གྲངས་གཞིའི་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཁེ་ལས་ཁྲི་19ལས་བརྒལ་བ་དང་། གྲངས་གཞིའི་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི2ལས་བརྒལ་ཡོད། 20%ཡན་གྱི་ལོ་རེའི་ཆ་སྙོམས་འཕར་ཚད་ལ་གཞིགས་ནས་ཚོད་རྩིས་བྱས་ན་2030ལོར་རང་རྒྱལ་གྱི་གྲངས་གཞིའི་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི7.5ཟིན་རྒྱུ་རེད།