ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀྲུང་གོའི་རི་ཁུལ་གྱི་རྐང་འཁོར་རིམ་མཚུངས་མཉམ་འགྲན་གྱི་འགྲན་ར་བཞི་པར(བོད་ལྗོངས་ཉིང་ཁྲིའི་འགྲན་ར)འགྲན་བསྡུར་བྱེད་འགོ་ཚུགས་པ།

སྤེལ་དུས 2025-07-01 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་ཟླ་6ཚེས་29ཉིན། བདམས་ཐོན་པས་དར་མའི་ཚོགས་པའི་བྱེས་བགྲོད་འགྲན་བསྡུར་ལ་ཞུགས་བཞིན་པ།
        ཟླ་6ཚེས་29ཉིན། 2025ལོའི་ཀྲུང་གོའི་རི་ཁུལ་གྱི་རྐང་འཁོར་རིམ་མཚུངས་འགྲན་བསྡུར་གྱི་འགྲན་ར་བཞི་པའི་འགྲན་བསྡུར་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་བྱས་ཤིང་། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་ཞིང་ཆེན་རིམ་པའི་རྐང་འཁོར་བཞོན་མཁན་གྱི་འཐུས་མིའི་རུ་ཁག་སུམ་ཅུ་ཡི་ཆེད་ལས་ལུས་རྩལ་པ་50ལྷག་ཙམ་གྱིས་བྱེས་བགྲོད་འགྲན་བསྡུར་དང་། བྱེས་བགྲོད་གྲལ་བུད་འགྲན་བསྡུར། དར་མ་ཚོགས་པའི་འགྲན་བསྡུར། ཚོགས་པའི་མཐུད་རྒྱུག་འགྲན་བསྡུར་བཅས་ཚོགས་ཆུང་ཁག་བཞིའི་ཁྲོད་མཉམ་འགྲན་འགྲན་བསྡུར་གྱི་སྐར་གསོག་ལ་བརྩོན་ལེན་བྱས་ཡོད། འགྲན་བསྡུར་ཁྲོད་རྐང་འཁོར་བཞོན་པར་དགའ་མཁན་བརྒྱ་ལྷག་ཙམ་གྱིས་རྐང་འཁོར་བཞོན་པའི་སྤྲོ་སྣང་མཉམ་སྤྱོད་བྱ་རྒྱུའི་ཡིད་དབང་བཀུག་ཡོད།