འདི་ནི་ས་དགའ་རྫོང་གི་ཡན་ལག་ཚོགས་རའི་བྱེད་སྒོར་ཞུགས་བཞིན་པའི་མང་ཚོགས་ཡིན་པ། (འཕྲིན་སྤེལ་བ། ཚེ་ཆོས)
འདི་ནི་དིང་རི་རྫོང་ཟིང་དཀར་གྲོང་ཚོའི་ཁག་དང་པོར་སྡོད་ཁང་གསར་པའི་ནང་སྤོས་མ་ཐག་པའི་གྲོང་མིས་ཁྱིམ་གྱི་སྒོ་རྩའི་ཆུ་ཀ་ལ་ནས་ཆུ་ལེན་བཞིན་པ། (གསར་འགོད་པ། ཝང་མིང)
འདི་ནི་མཛད་སྒོའི་ཐོག་མང་ཚོགས་ཀྱི་འཐུས་མིར་སྡོད་ཁང་གསར་པའི་ལྡེ་མིག་རག་པ། (གསར་འགོད་པ། བསོད་ནམས་སྟོབས་ལགས)
འདི་ནི་གཏིང་སྐྱེས་རྫོང་གནས་གྲོང་ཚོའི་གྲོང་མིས་སྡོད་ཁང་གསར་པའི་ནང་ཇ་སྲུབ་མ་འཐུང་བཞིན་པ། (གསར་འགོད་པ། བསྟན་འཛིན་དགའ་བ)
འདི་ནི་མང་ཚོགས་ཚོས་གཟབ་མཆོར་ལེགས་པར་སྤྲས་ནས་མཛད་སྒོར་ཞུགས་པ། (གསར་འགོད་པ། ལྷག་པ་ཚེ་རིང)
འདི་ནི་གཏིང་སྐྱེས་རྫོང་ཡེ་བྱང་གྲོང་ཚོའི་གྲོང་མིས་སྡོད་ཁང་གསར་པའི་ནང་ཁྱིམ་ཆས་དབོར་བཞིན་པ། (གསར་འགོད་པ། ཕུན་ཚོགས་ཚེ་རིང)
འདི་ནི་མང་ཚོགས་ཚོས་སྒོར་གཞས་འཁྲབ་བཞིན་པ། (གསར་འགོད་པ། ལྷག་པ་ཚེ་རིང)
འདི་ནི་ངམ་རིང་རྫོང་གི་ཡན་ལག་ཚོགས་རར་མང་ཚོགས་ཀྱིས་དྲན་རྟེན་པར་རྒྱག་བཞིན་པ། (གསར་འགོད་པ། མཱ་ཞའོ་ཡན)
ཟླ་8ཚེས་15ཉིན། དིང་རིའི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ཁག་དང་པོའི་སྡོད་ཁང་གསར་པའི་ནང་སྤོ་བའི་མཛད་སྒོ་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོར་འཚོགས་པ་རེད། ཉིན་དེར་ཁག་དང་པོའི་དུད་ཚང་2578ཀྱི་མང་ཚོགས་12139སྡོད་ཁང་གསར་པར་སྤོས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་གཞིས་རྩེས་གནོད་འཚེ་ཕོག་པའི་མང་ཚོགས་ཁག་ཐེངས་དབྱེ་ནས་སྡོད་ཁང་གསར་པར་སྤོ་བར་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། ཟླ་8ཚེས་20ཉིན་གྱི་གོང་དུ་སླར་ཡང་དུད་ཚང་1145ཡི་མི་8329སྡོད་ཁང་གསར་པར་སྤོས་ཏེ། རིམ་རྩིས་བརྒྱབ་ན་དུད་ཚང་3723དང་མི་20468ཟིན་རྒྱུ་ཡིན་ཞིང་། ཟླ་10པའི་ཟླ་མཇུག་གོང་མང་ཚོགས་ཚང་མ་སྡོད་ཁང་གསར་པར་སྤོ་ཐུབ་པར་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་རྗེས་མཐུད་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། ཐོན་ལས་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཚོའི་བཀོད་པ་ལེགས་སུ་གཏོང་བ། རྒྱུན་མཐུད་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དེང་རབས་ཅན་གྱི་གྲོང་གསེབ་གསར་པ་ཞིག་ཧུར་ཐག་བསྐྲུན་རྒྱུ་རེད།