ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་དིང་རིའི་ས་ཡོམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་སྡོད་ཁང་གསར་པ་ཁག་དང་པོར་སྤོས་པ།

སྤེལ་དུས 2025-08-19 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
འདི་ནི་དིང་རི་རྫོང་ཟིང་དཀར་གྲོང་ཚོའི“དིང་རིའི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྡོད་ཁང་ཁག་དང་པོར་སྤོ་བའི་མཛད་སྒོ”འཚོག་ཡུལ་ཡིན་པ།
འདི་ནི་གཏིང་སྐྱེས་རྫོང་གནས་གྲོང་ཚོའི་ཡུལ་མི་ཟླ་བ་བུ་ཁྲིད་ཀྱི་ནང་མིས་སླར་གསོ་བསྐྱར་སྐྲུན་རྗེས་ཀྱི་ཁང་པ་གསར་པའི་མདུན་དུ་མཉམ་པར་རྒྱག་བཞིན་པ།
  ཟླ་8ཚེས་15ཉིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཟིང་དཀར་གྲོང་ཚོར“དིང་རིའི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྡོད་ཁང་གསར་པ་ཁག་དང་པོར་སྤོ་བའི་མཛད་སྒོ”འཚོགས་པ་དང་། དེའི་ནང་དིང་རི་དང་། ལྷ་རྩེ། ས་སྐྱ་སོགས་རྫོང་གི་དུད་ཚང་2578ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་12139བདེ་འཇགས་དང་སྐྱིད་སྣང་དོད་པའི་སྡོད་ཁང་གསར་པར་དངོས་སུ་སྤོས་ཡོད།
  ད་ལོའི་ཟླ་1ཚེས་7ཉིན། དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་རེད། ཟླ་3ཚེས་3ཉིན། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་དངོས་སུ་འགོ་ཚུགས་པ་དང་། ཉིན་100ལྷག་ཙམ་རིང་ཛ་དྲག་ངང་ཨར་སྐྲུན་བྱས་རྗེས། གེགས་རྗེས་བསྐྱར་སྐྲུན་གྱི་སྡོད་ཁང་ཁག་དང་པོ་ཉེ་ཆར་ལས་མཇུག་འགྲིལ་བ་མ་ཟད། དེའི་ནང་སྡོད་པའི་ཆ་རྐྱེན་ཡང་འཛོམས་ཡོད། བསྐྱར་སྐྲུན་ཁང་པ་དག་ཡོམ་འགོག་རིམ་པ་8ཀྱི་ཚད་གཞི་ལྟར་བསྐྲུན་པ་དང་ཇུས་འགོད་ནང་ས་གནས་དེ་གའི་གྲོང་མིའི་འཚོ་བའི་གོམས་གཤིས་དང་དོན་དངོས་ཀྱི་དགོས་མཁོར་བསམ་གཞིག་གང་ལེགས་བྱས་ཏེ་ཉི་ནུས་དང་། ཆུ། གློག དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ལག་ཚང་བ་བཀོད་སྒྲིག་བྱས་ནས་མང་ཚོགས་བདེ་འཇགས་དང་སྐྱིད་སྣང་དོད་པོ་ཡོང་བར་བྱས་ཡོད།
  མིག་སྔར། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འཕེལ་རིམ་སྔར་བཞིན་རྒྱུན་ཆད་མེད་པར་མགྱོགས་སུ་གཏོང་བཞིན་ཡོད། ཟླ་8ཚེས་20ཉིན་གྱི་གོང་དུ་དུད་ཚང་1145ཡི་མི་8329གཅིག་རྗེས་གཉིས་མཐུད་ངང་སྡོད་ཁང་གསར་པར་སྤོ་རྒྱུ་དང་། སྔོན་དཔག་བྱས་ན། ཟླ་10པའི་ཟླ་མཇུག་ཏུ་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་སྡོད་ཁང་གསར་པར་སྤོས་ནས་དྲོ་སོབ་སོབ་ཀྱི་དགུན་ཁ་ཞིག་སྐྱེལ་ཐུབ་པ་བྱ་རྒྱུ་རེད།