ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་མཇལ་འཕྲད་གནང་བ།

སྤེལ་དུས 2025-08-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
ཝང་ཧུའུ་ཉིང་དང་ཚའེ་ཆི་མཇལ་འཕྲད་ནང་ཞུགས་གནང་ཡོད།
ཟླ་8ཚེས་20ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ལྷ་སར་བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་བྱམས་བརྩེའི་མཇལ་འཕྲད་གནང་ནས་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ།
ཟླ་8ཚེས་20ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ལྷ་སར་བོད་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་མཇལ་འཕྲད་གནང་ནས་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ།
  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས20ཉིན་གྱི་ཕྱི་དྲོར།  བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་མཇལ་འཕྲད་གནང་ཞིང་། ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་བོད་ལྗོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ལ་ལྷག་བསམ་དག་པའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་བ་དང་། ཚང་མས་མུ་མཐུད་དེ་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་འབད་འཐབ་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་གངས་ལྗོངས་ཀྱི་ལེའུ་མཉམ་དུ་རྩོམ་རྒྱུའི་ཐུགས་རེ་བཅོལ་གནང་ཡོད། 
  ཞི་ཅིན་ཕིང་སོགས་མཇལ་འཕྲད་གནང་ཡུལ་དུ་ཕེབས་སྐབས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་ཤིང་།  ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གིས་གུས་ལན་གནང་བ་དང་། སྐབས་སྐབས་སུ་འཐུས་མི་དང་མཛའ་བརྩེའི་སྤེལ་རེས་གནང་བ་མ་ཟད། ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་གནང་ཡོད།
  ཞི་ཅིན་ཕིང་གིས་ད་དུང་བོད་སྐྱོར་ལས་བྱེད་པའི་འཐུས་མི་དང་། རང་སྐྱོང་ལྗོངས་དང་འབྲེལ་ཡོད་སྡེ་ཁག ས་ཁུལ་དང་གྲོང་ཁྱེར་ཁག་གི་འགན་འཁུར་བློ་མཐུན་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མི། སྲིད་ཁྲིམས་ལས་བྱེད་དང་ཉེན་རྟོག་པའི་འཐུས་མི། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་དང་དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ལས་བྱེད་པའི་འཐུས་མི་བཅས་དང་མཛའ་བརྩེའི་ངང་མཇལ་འཕྲད་གནང་ཡོད།
  ཉིན་དེའི་ཕྱི་དྲོར་ཞི་ཅིན་ཕིང་གིས་ལྷ་སར་བཅའ་སྡོད་དཔུང་སྡེའི་ཧྲང་ཞའོ་དམག་དཔོན་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་གཞི་རིམ་གྱི་སྔོན་ཐོན་དཔེ་བཟང་དང་ཞི་བའི་ལས་འགན་འཁུར་མཁན་ཁག་གཅིག་ལ་མཛའ་བརྩེའི་ངང་མཇལ་འཕྲད་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་བོད་ལྗོངས་སུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་དག་པའི་འཚམས་འདྲི་གནང་བ་མ་ཟད། ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་གནང་ཡོད།  
  ཝང་ཧུའུ་ཉིང་དང་། ཚའེ་ཆི། ལི་ཀན་ཅེ། ཧོ་ལི་ཧྥེང་། ཀྲང་གོ་ཆིང་། ཝང་ཞའོ་ཧུང་། བློ་བཟང་རྒྱལ་མཚན། ཧུའུ་ཁྲུན་ཧྭ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཀྲང་ཧྲེང་རྨིན་བཅས་དང་། བོད་ལྗོངས་སུ་ཕྱག་ལས་གནང་མྱོང་བའི་བློ་མཐུན་རྒན་གྲས་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་སོགས་འབྲེལ་ཡོད་མཇལ་འཕྲད་ནང་ཞུགས་ཡོད།