ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ལུས་རྩལ་འགྲེམས་ཁང་གིས་རང་གི་ཁྱད་ཆོས་ངོམ་པ།

སྤེལ་དུས 2025-09-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ9པའི་ཚེས12ཉིན། 2025ལོའི་ཀྲུང་གོའི་ལུས་རྩལ་རིག་གནས་དངོས་མང་སྟོན་ཚོགས་དང་། ཀྲུང་གོའི་ལུས་རྩལ་ཡུལ་སྐོར་དངོས་མང་སྟོན་ཚོགས་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་ཡོད། བོད་ལྗོངས་ལུས་རྩལ་དེའི་ནང་ཧུར་ཐག་ཞུགས་པ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ།“འོད་སྟོང་འཕྲོ་བའི་ལོ་ངོ་དྲུག་ཅུ། ལུས་རྩལ་གྱིས་བྱས་རྗེས་གསར་པ་གཏོད”ཅེས་པ་བརྗོད་བྱ་གཙོ་བོར་བྱས་ནས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་རིང་གི་ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་ཡོད།


            བོད་ལྗོངས་ལུས་རྩལ་འགྲེམས་ཁང་དུ“སའི་གོ་ལའི་རྩེ་མོར་མེས་རྒྱལ་གྱི་གཟི་བརྗིད་བརྩམས་པ”དང་། “ས་མཐོའི་ལུས་རྩལ་པས་དུས་རབས་ཀྱི་ལེའུ་གསར་པ་བརྩམས་པ།” “ལུས་རྩལ་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བ།” “དམངས་ཡོངས་ཀྱི་ལུས་སྦྱོང་ཚ་རླབས་ས་མཐོར་འཕྱུར་བ།” “དུས་རབས་གསར་པར་སྲོལ་རྒྱུན་རིག་གནས་འོད་སྟོང་འཕྲོ་བ”སོགས་ཀྱི་ལེ་ཚན་གཏོད་དེ། ཀྲུང་གོའི་ལུས་རྩལ་ཡུལ་སྐོར་གྱི་འགྲན་བསྡུར་རྩེ་གྲ་བཅུའི་གྲས་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་དང་ཀྲུང་གོའི་བོད་ལྗོངས་རི་འཛེག་ཚོགས་ཆེན་སོགས་སྤུས་རྟགས་བྱེད་སྒོ་གཙོ་གནད་ཐོག་མངོན་པར་བྱས་པ་དང་། བོད་ལྗོངས་ཀྱི་ལུས་རྩལ་ཡུལ་སྐོར་རིག་གནས་མཉམ་འདྲེས་འཕེལ་རྒྱས་དང་ཕྱི་རོལ་ལུས་རྩལ་ཁུལ་ཆེན་པོའི་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པ་མངོན་པར་བྱས་ཡོད།


            ཆེད་ལས་ཟློས་གར་བས་འཁྲབ་སྟོན་བྱས་པའིབདེ་སྐྱིད་ཀྱི་བོད་ལྗོངསཞེས་པའི་ལེ་ཚན་བོད་ལྗོངས་འགྲེམས་ཁང་དུ་རེས་མོས་ཀྱིས་འཁྲབ་སྟོན་བྱས་ཤིང་། པི་ཤུ་དང་ཤོ་རྩེདཤོཉམས་ལེན་ཁུལ་བཟོས་ཡོད་པ་དང་། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་འབྲུག་གྲུའི་འགྲན་བསྡུར་སྟེ་བོད་རང་སྐྱོང་ལྗོངས་ཀྱི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཀོ་གྲུའི་གྲུ་གཟིངས་འགྲན་བསྡུར་གྱི་འགོ་ཚུགས་མཛད་སྒོ་ཚད་མཐོའི་སྒོ་ནས་སླར་གསོ་བྱས་པས། རྒྱ་ཆེའི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད་ལ། མི་རིགས་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ནང་ཞུགས་ཡོད། གཞན་ཡང་། གྲ་སྒྲིག་ཞིབ་ཚགས་བྱས་པའི་ལུས་རྩལ་རིག་གནས་གསར་གཏོད་ཐོན་རྫས་ལ་ཡུལ་སྐོར་བ་ཚོས་དགའ་བསུ་ཐོབ་ཡོད།


            ད་ཐེངས་ཀྱི་འགྲེམས་སྟོན་དེ་ཟླ9པའི་ཚེས14ཉིན་བར་བྱས་ནས། ཡུལ་སྐོར་བ་དེ་བས་མང་བ་འགྲེམས་ཚོགས་ལ་ཧུར་ཐག་ཞུགས་རྒྱུའི་ཡིད་དབང་བཀུག་ནས། ས་མཐོའི་ལུས་རྩལ་གྱི་འཕེལ་ཤུགས་ལ་རྒྱུས་ལོན་གྱིས། ལུས་རྩལ་གྱི་འདུ་ཚོགས་གཟབ་རྒྱས་མཉམ་སྤྱོད་བྱས་ཡོད།


རྩོམ་སྒྲིག་པ། རིག་གྲོལ།