ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་ཕེབས་པས་ཤིན་ཅང་གི་མི་དམངས་ལ་སེམས་འགུལ་ཆེན་པོ་ཐེབས།

སྤེལ་དུས 2025-09-26 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
             ཚེས23ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཆེད་གཏོང་གནམ་གྲུར་བཞུགས་ནས་ཨུ་ལུམ་ཆིར་ཕེབས་འབྱོར་ཟིན་པ་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་ཤིན་ཅང་དུ་ཕེབས་པས། ཤིན་ཅང་གི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་དྲོ་སྐྱིད་སྦྱིན་ཞིང་སེམས་ཤུགས་འཕེལ་ཡོད།  

             སློབ་ཆུང་སློབ་མ་ཕ་རེ་ཀྲ་ཐི•ཙུའུ་ལི་ཕུའུ་ཧར་གྱིས། ངས་སྤོ་བོ་ཞི་ལགས་ལ་མེ་ཏོག་འབུལ་སྐབས། ཁོང་གིས་ང་ལ་འཛུམ་དམུལ་དམུལ་གནང་བྱུང་བས། ང་རང་ཧ་ཅང་དགའ་པོ་བྱུང་། ཁོང་གིས་ད་དུང་ང་ལ་ཐུགས་རྗེ་ཆེ་ཞུས་གནང་བྱུང་ཞེས་བརྗོད།

             སློབ་ཆུང་སློབ་མ་མ་ཤིན་ལུང་གིས། ཁོང་མཇལ་བའི་བག་ཆགས་དང་པོ་ནི་ཧ་ཅང་བྱམས་སེམས་ལྡན་པ་དེ་རེད། དེ་ནས་ཁོང་གིས་ང་ཚོར་ཕྱག་གཡུག་གཡུག་གནང་བྱུང་བས། དགའ་སྤྲོ་ཆེན་པོ་སྐྱེས་བྱུང་། ཤིན་ཅང་གིས་ཁྱེད་རང་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ། སྤོ་བོ་ཞི་ལགས། ཁྱེད་རང་ཤིན་ཅང་ལ་མང་ཙམ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད། 

             སློབ་ཆུང་སློབ་མ་ཅང་ས་ཡས། ངས་སྤོ་བོ་ཞི་ལགས་ལ་ཞུ་འདོད་པ་ནི། ང་རང་ནར་སོན་རྗེས་ཆིང་ཧྭ་སློབ་ཆེན་ལ་རྒྱུགས་ལེན་འདོད་པ་དང་། དེ་ནས་པེ་ཅིང་དུ་ཁྱེད་རང་མཇལ་བར་ཡོང་རྒྱུ་ཡིན་ཞེས་བརྗོད། 

             དགའ་བསུ་ཞུ་མཁན་མང་ཚོགས་ཏུའོ་སི་པོ་ལི•ཧ་ཏེར་གྱིས། མི་ཚང་མའི་རྐང་པར་ལྡེམ་རྩིབ་སྒར་བ་ལྟར་གཅིག་ལས་གཅིག་མཐོ་བ་མཆོང་གི་འདུག ཚང་མ་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་སོང་། ཨ་ཅང་ཅང་། ང་རང་ཡང་སེམས་འགུལ་ཐེབས་ནས་མིག་ཆུ་ཡང་ཤོར་བྱུང་ཞེས་བརྗོད། 

             དགའ་བསུ་ཞུ་མཁན་མང་ཚོགས་རེན་ཐིང་ཐིང་གིས། དངོས་གནས་བསོད་ནམས་ཆེན་པོ་ཡིན། ང་རང་ཏག་ཏག་སྟར་པ་དང་པོར་ལངས་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞལ་གསལ་པོར་མཇལ་ཐུབ་བྱུང་། ཁོང་གི་འཛུམ་མདངས་ནི་ཧ་ཅང་བྱམས་བརྩེ་ལྡན་པ་ཞིག་འདུག མི་རྣམས་ལ་དྲོ་སྐྱིད་ལྡན་པའི་ཚོར་བ་ཞིག་སྟེར་གྱི་འདུག་ཅེས་བརྗོད། 

             དགའ་བསུ་ཞུ་མཁན་མང་ཚོགས་ཀྱིས། གྱོན་ཆས་འདི་ནི་སོག་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་ཡིན་ཞིང་། དགའ་སྟོན་རྟེན་འབྲེལ་གྱི་སྐབས་སུ་གྱོན་གྱི་ཡོད། ད་གིན་སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་མདུན་ནས་ཕེབས་སྐབས། ཁོང་གིས་ང་ཚོར་གཟིགས་ནས་འདི་ནི་སོག་རིགས་ཀྱི་རེད་ཅེས་གསུངས་བྱུང་བས། ང་ཚོ་སྤོབས་པ་ཆེན་པོ་སྐྱེས་བྱུང་ཞེས་བརྗོད།  

             དགའ་བསུ་ཞུ་མཁན་མང་ཚོགས་ཁེ་སྨི་རེ་ཡིས།  སྤྱི་ཁྱབ་ཧྲུའུ་ཅི་ཤིན་ཅང་དུ་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཐེངས་ང་ཚོ་ཤིན་ཅང་མི་དམངས་ཀྱིས་ཁྱེད་རང་མཇལ་རྗེས་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་། ཁྱེད་རང་གིས་ང་ཚོ་ཤིན་ཅང་དེ་བས་ལེགས་པའི་ཕྱོགས་སུ་སྣེ་ཁྲིད་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་སྐུ་ལས་ཁག་སོང་ཞེས་བརྗོད། 

             ཨུ་ལུམ་ཆིའི་གྲོང་མི་ཐ་དབྱི་ཨེར་ཅང•པ་ཝུའུ་ཏུན་གྱིས། ད་གིན་རང་ང་ཚོའི་སྤྱི་ཁྱབ་ཧྲུའུ་ཅི་མཇལ་བྱུང་བས། དངོས་གནས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ད་ལྟ་ད་དུང་སེམས་པ་ལྷོད་ལ་འབབ་ཐུབ་ཀྱི་མི་འདུག ངས་ཐུགས་རྗེ་ཆེ་ཞུ་འདོད་པ་ཡིན། ཁོར་ཡུག་ཇེ་མཛེས་དང་འཚོ་བ་སྟབས་ཇེ་བདེ་རེད་ཅེས་བརྗོད། 

             སློབ་ཆུང་སློབ་མ་ཀྲན་ལན་གྱིས། ངས་སྤོ་བོ་ཞི་ལགས་ལ་ཞུ་འདོད་པ་ནི། དགེ་རྒན་དང་ཕ་མས་རྟག་ཏུ་ལོ་འདི་དག་རིང་ཁྱེད་ཀྱིས་ང་ཚོ་ཤིན་ཅང་གི་འཕེལ་རྒྱས་འཛུགས་སྐྲུན་ལ་ཐུགས་ཁུར་གནང་བཞིན་ཡོད་ཅེས་གསུངས་པ་ཐོས་ཀྱི་འདུག་ལ། ཁྱེད་ཀྱིས་ད་དུང་ཐོག་མཐའ་བར་གསུམ་དུ་ཤིན་ཅང་གི་ལོ་ཆུང་བྱིས་པའི་འཚར་ལོངས་ལ་ཐུགས་ཁུར་གནང་བཞིན་ཡོད། ད་ལྟ་ང་ཚོར་དཀར་ཆ་དོད་པའི་སློབ་ཁང་དང་ཡངས་ཤིང་རྒྱ་ཆེ་བའི་ལུས་རྩལ་ཐང་ཡོད་པས། མི་རིགས་ཁག་གི་གྲོགས་པོ་ཆུང་ཆུང་རྣམས་མཉམ་དུ་རྩེད་མོ་སྐྱིད་པོ་རྩེ་བ་དང་མཉམ་དུ་སློབ་སྦྱོང་ལ་བརྩོན་པ་བྱེད་བཞིན་ཡོད་ཅིང་། འཚོ་བ་སྐྱིད་པོ་སྐྱེལ་བཞིན་ཡོད་ཅེས་བརྗོད། 

             ཨུ་ལུམ་ཆིའི་གྲོང་མི་ལི་ལི་རྨིན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་མཇལ་སྐབས་སེམས་འགུལ་ཆེན་པོ་ཐེབས་བྱུང་། སྐབས་དེར་ངས་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང་ཞེས་ཞུས་པ་ཡིན། སྐུ་ཁམས་བཟང་ཞེས་པ་དེ་ནི་སེམས་འགུལ་ཡོད་ཚད་ཚིག་གཅིག་གི་ཐོག་ནས་མཚོན་པར་བྱས་པ་ཞིག་ཡིན། སྐུ་ཁམས་བཟང་། སྐུ་ཁམས་བཟང་། སྤྱི་ཁྱབ་ཧྲུའུ་ཅིར་དགའ་བསུ་ཞུ་རྒྱུ་ཡིན། ད་ལྟ་ང་ཚོའི་མི་རིགས་མཐུན་སྒྲིལ་ཐད་ཀྱི་ལས་དོན་ཧ་ཅང་ཡག་པོ་སྒྲུབ་བཞིན་ཡོད། ང་ཚོའི་ཁྱིམ་མཚེས་སོགས་སུ་ཞིག་ལ་དོན་དག་ཅི་ཞིག་བྱུང་ཚེ། ཚང་མས་རོགས་རམ་བྱེད་ཀྱི་ཡོད་པས། མི་རིགས་མཐུན་སྒྲིལ་ཟབ་ཏུ་ཕྱིན་ཡོད་ཅེས་བརྗོད།

             ཨུ་ལུམ་ཆིའི་གྲོང་མི་ཝང་ཀྲེན་ཝེ་ཡིས། ང་རང་ནི་ཡན་ཨན་ལམ་ཁར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བསུ་བ་ཞུ་བར་སོང་བ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་དེ་རིང་ཕེབས་པའི་ལམ་འདིར་ད་ལྟ་གནམ་ས་སླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ཡོད་ཅེས་བཤད་ཆོག སླད་ཕྱིན་ང་ཚོས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ང་ཚོའི་མཛེས་སྡུག་ལྡན་པའི་ཤིན་ཅང་འཛུགས་སྐྲུན་ཧུར་ཐག་བྱས་ཏེ། མཛེས་ལྡན་ཤིན་ཅང་འདི་ཉིད་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་སུ་མངོན་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད།