ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀྲུང་དབྱང་སྐུ་ཚབ་ཚོགས་པས་ཤིན་ཅང་ལ་དྲན་རྟེན་དངོས་པོ་འདི་དག་གནང་བ།

སྤེལ་དུས 2025-09-29 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
             ཚེས25ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཝང་ཧུའུ་ཉིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ལ་དྲན་རྟེན་དངོས་པོ་སྤྲོད་པའི་མཛད་སྒོར་ཞུགས། ཀྲུང་དབྱང་སྐུ་ཚབ་ཚོགས་པས་ཤིན་ཅང་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱག་བྲིས་གནང་བའི་སྒོ་བན་དང་ཀྲུང་ཧྭ་སེམས་མཐུན་རྐོང་བུ་སོགས་དྲན་རྟེན་དངོས་པོ་བསྩལ་བ་རེད།    
             སྒོ་བན་ནི་ལྟ་བས་མི་ངོམ་པ་ཞིག་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཤིན་ཅང་འཛུགས་སྐྲུན་བྱེད་དགོས”ཞེས་པའི་ཕྱག་བྲིས་ཀྱི་དོན་སྙིང་གཏིང་ཟབ་པ་དང་། ཀྲུང་ཧྭ་སེམས་མཐུན་རྐོང་བུ་ནི་བཀོད་པ་ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཡོད་པ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་ཤིན་ཅང་ལ་ཐུགས་ཁུར་ཟབ་མོ་དང་རེ་སྒུག་ཆེན་པོ་གནང་ལུགས་མཚོན་ཡོད། མཛད་སྒོའི་ཐོག་ཝང་ཧུའུ་ཉིང་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཞའོ་ཅང་གིས་ལྷན་དུ་རྟེན་འབྲེལ་སྒོ་བན་དང་ཀྲུང་ཧྭ་སེམས་མཐུན་རྐོང་བུའི་ཡོལ་ཁེབས་ཕྱེ་བ་རེད།
             ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ལི་ཀན་ཅེ་ཡིས་ཤིས་ཚིག་སྒྲོན་སྐབས་གསུངས་དོན། ཏང་ཀྲུང་དབྱང་གིས་རྟེན་འབྲེལ་སྒོ་བན་དང་ཀྲུང་ཧྭ་སེམས་མཐུན་རྐོང་བུ་བསྩལ་བ་ནི་ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པར་མངགས་བཅོལ་དང་རེ་སྒུག་གནང་བ་ཞིག་རེད་ལ། ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་དང་རྒྱལ་ཡོངས་མི་དམངས་མཉམ་དུ་དེང་རབས་ཅན་མངོན་འགྱུར་བྱེད་པར་བཅངས་པའི་སྨོན་འདུན་བཟང་པོ་ཞིག་ཀྱང་རེད། ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་ཀྱིས་དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཀྱི་མཛུབ་ཁྲིད་འོག་ཤིན་ཅང་སྔར་བས་མཛེས་སྡུག་ལྡན་པ་སྐྲུན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།     
             ཀྲུང་དབྱང་སྐུ་ཚབ་ཚོགས་པས་ཁྱོན་བསྩལ་བའི་དྲན་རྟེན་དངོས་པོ11གི་ནང་དུ། རྟེན་འབྲེལ་སྒོ་བན་དང་། ཀྲུང་ཧྭ་སེམས་མཐུན་རྐོང་བུ། ཐེ་བསྲེས་ལྕགས་ཀྱི་དྲོད་སྲུང་ཕོར་པ། གུ་གུ་ཤའི་ཇ་ལྟིར། སྙིང་པར་འཕྲུལ་ཆས། ཁྲག་ཤེད་འཇལ་ཆས། ཁྲག་མངར་བརྟག་ཆས། གནམ་རིག་རྒྱང་ཤེལ། འཁྱེར་བདེའི་སྒྲ་སྐྱེད་སྒམ། གོས་འཁྲུད་འཕྲུལ་ཆས། རླབས་ཐབ་བཅས་ཡོད་པ་དེ་དག་ནི་དགོས་མཁོ་དངོས་ལ་བསམ་བློ་གང་ལེགས་བཏང་ཡོད་པས། དྲན་གསོའི་དོན་སྙིང་ལྡན་ལ་སྤྱོད་སྒོ་ཡང་ཆེ།

རྟེན་འབྲེལ་སྒོ་བན།

ཀྲུང་ཧྭ་སེམས་མཐུན་རྐོང་བུ། (ཆེ་བ)

ཀྲུང་ཧྭ་སེམས་མཐུན་རྐོང་བུ། (ཆུང་བ)

ཐེ་བསྲེས་ལྕགས་ཀྱི་དྲོད་སྲུང་ཕོར་པ།

གུ་གུ་ཤའི་ཇ་ལྟིར།

སྙིང་པར་འཕྲུལ་ཆས།

ཁྲག་ཤེད་འཇལ་ཆས།

ཁྲག་མངར་བརྟག་ཆས།

གནམ་རིག་རྒྱང་ཤེལ།

འཁྱེར་བདེའི་སྒྲ་སྐྱེད་སྒམ།

གོས་འཁྲུད་འཕྲུལ་ཆས།

རླབས་ཐབ།