ཇོ་མོ་གླང་མའི་ལ་གཤམ་དུ་རྒྱལ་དར་ལྷབ་ལྷུབ་གཡོ།
སྤེལ་དུས 2025-09-29
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རྒྱལ་སྟོན་དུས་ཆེན་གྱི་སྔ་ནུབ་ཏུ་བོད་ལྗོངས་གཞིས་རྩེ་མཐའ་མཚམས་ཀྱི་དོ་དམ་ཉིང་ལག་རུ་ཁག་ཇོ་མོ་གླང་མ་མཐའ་མཚམས་མངགས་གཏོང་ཁང་གི་ཉེན་རྟོག་པས་ཇོ་མོ་གླང་མའི་སྒར་ས་ཆེན་པོ་རུ་ཡུལ་སྐོར་བ་དང་མཉམ་དུ་དམིགས་བསལ་གྱི་རྒྱལ་དར་སྒྲེང་བའི་མཛད་སྒོ་ཞིག་འཚོགས་པ་སྟེ། མི་མེད་གནམ་གྲུ་ཞིག་གིས་རྒྱལ་དར་མཁའ་དབྱིངས་སུ་བཀྱགས་པ་དང་། དེ་གར་ཡོད་པའི་ཉེན་རྟོག་པ་དང་མང་ཚོགས་ཀྱིས་རྒྱལ་གླུ་མཉམ་དུ་བླངས་པ། སྐར་ལྔའི་དར་དམར་གངས་ལྗོངས་ཀྱི་ཡང་རྩེ་རུ་རླུང་གིས་གཡོས།
མི་དམངས་ཉེན་རྟོག་པས་ཡུལ་སྐོར་བ་དང་མཉམ་དུ་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་བཞིན་པ།
མི་དམངས་ཉེན་རྟོག་པས་ཡུལ་སྐོར་བ་དང་མཉམ་དུ་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་བཞིན་པ།