ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཉམས་འགྱུར་མངོན། ཕུགས་འདུན་སྒྲུབ།

སྤེལ་དུས 2025-10-10 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།


འདི་ནི་ཚ་ལ་རྒྱག་པའི་འགྲན་བསྡུར་བྱ་ཡུལ་ཡིན་པ།

            ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་གཉིས་པ་གཉེར་ནས་རྫོང་ཁོངས་འཕེལ་རྒྱས་ལ་མཁོ་བའི་གློག་ལས་བཟོ་པ་དང་། ཚ་ལ་རྒྱག་མཁན། གྱང་རྩིག་བཟོ་པ་བཅས་ལས་རིགས་གསུམ་ལ་དམིགས་ཏེ་ཐེམ་ཁུངས་ལྷུན་རྩེ་ནས་ཡིན་པའི་ལས་ཞུགས་པ་27ལེགས་འདེམས་ཀྱིས་འགྲན་བསྡུར་ལ་ཞུགས་སུ་བཅུག་ཡོད། འགྲན་བསྡུར་ཁྲོད་བདམས་ཐོན་པ་ཚོས་རང་གི་ཁྱད་རྩལ་བཏོན་ཞིང་། གློག་ལས་བཟོ་པས་སྐུད་ལམ་གནད་འཁེལ་ཁྲིད་པ་དང་། ཚ་ལ་རྒྱག་མཁན་གྱིས་ཚ་ལའི་སྤུས་ཚད་འགན་ལེན་ནུས་ལྡན་བྱེད་པ། གྱང་རྩིག་བཟོ་པས་གྱང་ངོས་མཛེས་ཤིང་གྲལ་སྟར་འགྲིག་པོ་བརྩིགས་པ་བཅས་བྱས་པས། མཐར་དཔྱད་འདེམས་ཨུ་ཡོན་གྱིས་དྲང་གཞག་དྲང་བདེན་གྱིས་དཔྱད་འདེམས་བྱས་པ་བརྒྱུད“ཕ་ཡུལ་གྱི་བཟོ་བོ”ཁག་གཅིག་བདམས་ཡོད།