ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དབྱི་རན་གྱིས་ཧོར་མུའུ་ཙི་མཚོ་འགག་ཏུ་གྲོན་དངུལ་བསྡུ་རྩིས་ཡོད་པ།

སྤེལ་དུས 2026-03-31 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            འཇར་མན་གསར་འགྱུར་ཁང་གིས་ཟླ3པའི་ཚེས29ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཚེས29ཉིན། དབྱི་རན་གྱི་ཙུང་ཐུང་གཞོན་པ་དང་པོ་མུའུ་ཧན་མོ་ཏེ•ལི་ས•ཨ་ལེ་ཧྥུ་ཡིས་དབྱི་རན་གྱིས་ཧོར་མུའུ་ཙི་མཚོ་འགག་གི་དོ་དམ་སྒྲིག་གཞིར་སྒྱུར་བཅོས་བྱས་ནས་ཡུན་རིང་གི་དཔལ་འབྱོར་དང་བདེ་འཇགས་ཀྱི་ཕན་འབྲས་ཐོན་པ་བྱ་རྩིས་ཡོད་ཅེས་བཤད།

            ཨ་ལེ་ཧྥུ་ཡིས་སྤྱི་ཚོགས་འབྲེལ་བའི་སྟེགས་བུXཡི་སྟེང་དུ།  “ཧོར་མུའུ་ཙི་མཚོ་འགག་གི་དོ་དམ་སྒྲིག་སྲོལ་ནི་སྔོན་ཆད་དང་མི་འདྲ”ཞེས་བཤད་པ་དང་། ཁོས་ད་དུང་། དབྱི་རན་སྲིད་གཞུང་གི་དམིགས་ཡུལ་ནི“གཡུལ་སའི་ཐོག་གི་གྲུབ་འབྲས་དེ་དག་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་བདེ་འཇགས་ཀྱི་རྒྱུན་མཐུད་ཆོག་པའི་ཁེ་ཕན་དུ་བསྒྱུར་རྒྱུ”ཡིན་ཞེས་བཤད། 
            ཁོང་གིས། དབྱི་རན་ཁ་གཏད་ཀྱིས་དབྱི་རན་གྱི་ཆབ་སྲིད་ལ་སྒྱུར་བཅོས་གཏོང་རྩིས་ཀྱི་བྱ་སྤྱོད་ཀྱིས“ཧོར་མུའུ་ཙི་མཚོ་འགག་གི་དོ་དམ་སྒྲིག་སྲོལ་ལ་སྒྱུར་བཅོས་གཏོང་རྒྱུ”ལས་མ་འདས་ཞེས་བཤད། 
            གནས་ཚུལ་སྤེལ་བར་གཞིགས་ན།  དབྱི་རན་གྱི་གནས་ཚུལ་སྤེལ་མཁན་གྱིས་མ་འོངས་པར་ཧོར་མུའུ་ཙི་མཚོ་འགག་ནས་བརྒྱུད་ཆོག་པའི་གྲུ་གཟིངས་ནི་དབྱི་རན་ལ་དམིགས་པའི་དམག་འཁྲུག་ལ་ཞུགས་མྱོང་མེད་པའི་གྲུ་གཟིངས་ཡིན་པ་དང་། དབྱི་རན་ལ་དམིགས་པའི་དམག་འཁྲུག་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་དང་།  དེ་བཞིན་བྱ་སྤྱོད་སྤེལ་མཁན་དང་འབྲེལ་བ་ཡོད་པའི་གྲུ་གཟིངས་ཚང་མ་ཧོར་མུའུ་ཙི་མཚོ་འགག་ནས་བརྒྱུད་མི་ཆོག་ཅེས་བཤད། 
            དབྱི་རན་གྱི་གསར་འགྱུར་མི་སྣས་དབྱི་རན་གྲོས་ཚོགས་ཀྱིས་ཀྱང་ཁྲིམས་འཛུགས་འཆར་གཞི་འགོད་བཞིན་ཡོད་པ་དང་། ཧོར་མུའུ་ཙི་མཚོ་འགག་ཏུ་གྲོན་བསྡུའི་མ་ལག་འཛུགས་རྒྱུ་རེད་ཅེས་བཤད། 
            གནས་ཚུལ་སྤེལ་བར་གཞིགས་ན། ཧོར་མུའུ་ཙི་མཚོ་འགག་ནི་མིག་སྔར་ཨ་རི་དང་དབྱི་སི་རལ་དབར་གྱི་དབྱི་རན་དམག་འཁྲུག་གི་གནད་འགག་ཏུ་གྱུར་ཡོད། ཐེ་ཧེ་རན་གྱིས་ཧོར་མུའུ་ཙི་མཚོ་འགག་གི་གྲུ་གཟིངས་ལ་འཇབ་རྒོལ་ཡང་ཡང་བྱས་པ་དེ་དོན་དངོས་ཐོག་གོ་ལ་ཧྲིལ་པོའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་སྐྱེལ་འདྲེན་གྱི་འགག་རྩའི་མཁའ་ལམ་ཞིག་བཀག་སྡོམ་བྱས་པ་རེད། 
            ཧོར་མུའུ་ཙི་མཚོ་འགག་ནི་དབྱི་རན་དང་ཨ་མན་དབར་གྱི་བགྲོད་ལམ་ཕྲ་མོ་ཞིག་ཡིན་པ་དང་། གོ་ལ་ཧྲིལ་པོའི་མཚོ་ཐོག་སྐྱེལ་འདྲེན་གྱི་ལམ་ཐིག་གལ་ཆེ་ཤོས་ཀྱི་གྲས་ཤིག་ཏུ་བརྩི་བཞིན་ཡོད། འཛམ་གླིང་ཐོག་གི་རྡོ་སྣུམ20%ཙམ་རྒྱུན་དུ་ཧོར་མུའུ་ཙི་མཚོ་འགག་བརྒྱུད་སྐྱེལ་འདྲེན་བྱེད་ཀྱི་ཡོད།

རྩོམ་སྒྲིག་པ། དཔལ་གཡང་།