ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སྤྲོ་སྣང་ཆེན་པོས་མིག་མངས་འགྲན་བསྡུར་བྱས།

སྤེལ་དུས 2026-04-14 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།


མིག་མངས་འགྲན་བསྡུར་བྱ་ཡུལ།

            ཉེ་ཆར། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གིས“ཆན་ཧུའུ་བུམ་པའི”མིག་མངས་འགྲན་བསྡུར་སྐབས་དང་པོ་གཉེར་ཞིང་། ད་ཐེངས་ཀྱི་འགྲན་བསྡུར་འབྲི་རུ་རྫོང་གི་སློབ་གྲྭ་འབྲིང་ཆུང་14ལ་བྱས་པ་དང་། དེའི་ནང་ཞུགས་མཁན་སློབ་མ་ཁྱོན་7100ལྷག་ཙམ་ཡོད། དེ་ཡང་འཛིན་གྲྭ་ཕན་ཚུན་འགྲན་བསྡུར་དང་སློབ་གྲྭ་ཕན་ཚུན་རིམ་པས་འགྲན་བསྡུར་བྱས་པ་བརྒྱུད། མཐར་ཕུལ་བྱུང་སློབ་མ་66འབུར་དུ་ཐོན་ནས་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་ཏེ་འགྲན་རར་མཉམ་དུ་རྩལ་འགྲན་གྱིས་ཉམས་བཟང་མངོན་པར་བྱས།