རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་ལ་གཞི་ཚུགས་ཏེ།རང་རྒྱལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཆེད་དོན་ཁྲིམས་འཛུགས་བཏོན་ནས། ནུབ་ཕྱོགས་དང་མི་འདྲ་བའི་རང་ཡུལ་ཅན་གྱི་མི་རིགས་བཅོས་སྐྱོང་གི་ཁྲིམས་སྐྱོང་དཔེ་གཞི་བཏོད་དེ།རྒྱལ་ཁབ་ཀྱི་བདག་དབང་གཅིག་གྱུར་སྲུང་སྐྱོང་དང་།ཕྱི་རོལ་སྟོབས་ཤུགས་ཀྱི་སིམ་འཛུལ་བཀག་འགོགཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་གཏོང་བཅས་ཀྱི་ཆེད་དུ་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།
ཟླ4པའི་ཚེས30ཉིན། ཡོ་རོབ་གྲོས་ཚོགས་ཀྱིས་ཀྲུང་གོའི་མི་རིགས་སྲིད་ཇུས་དང་བཅའ་ཁྲིམས་དང་འབྲེལ་བའི་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས། དོན་དངོས་སྣང་མེད་དུ་བཏང་བ་དང་ཁྲིམས་གཞི་ལས་འགལ་ཏེ།བསམ་ངན་བཅངས་ནས་ཀྲུང་གོའི་བཅའ་ཁྲིམས་དང་མི་རིགས་སྲིད་ཇུས་ལ་མ་ཉེས་ཁ་གཡོགས་བྱེད་པ་དང་ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ཀྱིས་ཐེ་ཇུས་བྱས་ཤིང་།དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་མི་འདོད་པའི་རྣམ་འགྱུར་དྲག་པོ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། ཡོ་རོབ་ཕྱོགས་ལ་འབྲེལ་གཏུག་ནན་པོ་བྱེད་པ་དང་ཡོ་རོབ་གྲོས་ཚོགས་ཀྱིས་གཞུང་དྲང་མཐའ་འཁྱོངས་དང་དོན་དངོས་ལ་བརྩི་འཇོག་བྱས་ཏེ།འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་པ་དང་།ཀྲུང་གོར་ངོ་རྒོལ་བྱེད་མཁན་གྱི་ཁ་བྲལ་སྟོབས་ཤུགས་ལ་རྒྱབ་རྟེན་བྱེད་མཚམས་འཇོག་པ།ཀྲུང་གོ་ཕྱོགས་ཀྱི་སྲིད་ཇུས་དང་བཅའ་ཁྲིམས་ལ་དམའ་འབེབས་གཏོང་མཚམས་འཇོག་པ་བཅས་བྱས་ཏེ།བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོང་བྱེད་དགོས་པའི་སྐུལ་མ་བཏང་།
མིག་སྔར། དབུས་ཤར་ས་ཁུལ་དུ་དམག་འཁྲུག་གི་དུས་བབ་རྒྱུན་མཐུད་ཟང་ཟིང་ཆེ་བས་འཛམ་གླིང་གི་ཞི་བདེར་འགྲན་སློང་དྲག་པོ་འཕྲད་བཞིན་ཡོད།འོན་ཀྱང་དེའི་ཁྲོད་དུ་གནས་པའི་ཡོ་རོབ་ཀྱིས་ས་ཁུལ་གྱི་ཉམས་ཉེན་ལ་ཁ་གཏད་གཅོག་པའི་ཐད་ག་བྱེད་འདི་བྱེད་མེད་ལ་ལས་དོན་གཅིག་ཀྱང་སྒྲུབ་མེད་པས་འཁུར་དགོས་ངེས་ཀྱི་འགན་འཁྲི་འཁུར་ཐུབ་མེད།ཕྱོགས་གཞན་ཞིག་ནས་ཡོ་རོབ་རང་ངོས་དེ་བས་ཉམས་ཉེན་གྱི་གནས་སུ་གྱར་ནས་དཔུང་ཚོགས་ཀྱི་གས་སྲུབས་ཆེ་བ་དང་ནང་ཁུལ་གྱི་མི་མཐུན་པའི་ཆ་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཏེ།སེལ་ཐབས་བྲལ་བས་སྔ་ས་ནས་ཐར་ཐོར་དུ་གྱུར་ཡོད།འོན་ཀྱང་ས་ཁུལ་གྱི་བདེ་འཇགས་དང་རང་ངོས་བཅོས་སྐྱོང་ཐད་ནུས་པ་གང་ཡང་མེད་པའི་ཡོ་རོབ་དེ་འདྲ་ཞིག་གིས་སྐབས་དེར་དོན་དངོས་སྣང་མེད་དུ་བཏང་སྟེ་འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་དེ་ཕྱི་རོལ་ཡུལ་གྱི་དོན་དངོས་ལས་བརྒལ་ནས། ཀྲུང་གོའི་མི་རིགས་སྲིད་ཇུས་ལ་དོན་མེད་སྐྱོན་བརྗོད་བྱས་ཏེ་ས་ཁུལ་གྱི་ཉམས་ཉེན་ཁྲོད་ཀྱི་ནུས་མེད་དེ་སྦ་གསང་བྱེད་རྩིས་བྱེད་པར་མ་ཟད།ཕྱི་ཕྱོགས་ལ་མ་ཉེས་ཁ་གཡོགས་བྱས་པ་བརྒྱུད་ནང་ཁུལ་གྱི་འགལ་བ་གསང་རྩིས་བྱེད་ཀྱི་ཡོད།
ཀྲུང་གོ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། མི་རིགས་ཁག་གིས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་ཀྱི་ཡོད།ཀྲུང་གོའི་སྲིད་གཞུང་གིས་ཁྲིམས་ལྟར་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས་ནས།མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་དང་།དཔལ་འབྱོར།རིག་གནས།སྤྱི་ཚོགས་སོགས་ཁྱབ་ཁོངས་ཁག་གི་ཁེ་དབང་འགན་སྲུང་ཏན་ཏིག་བྱེད་ཀྱི་ཡོད།ཀྲུང་དབྱང་མི་རིགས་སློབ་ཆེན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་ཡོན་ཀྲང་དགེ་རྒན་ཆེན་མོ་ཀོན་ཁའེ་ཡིས“མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལས་རྒྱལ་ཁབ་ཀྱི་ཁྱད་ཆོས་མངོན་ཡོད་ཅིང་།ཁྱད་ཆོས་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་སྲུང་སྐྱོང་པ་ཞིག་ཡིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལོ་རྒྱུས་འཕེལ་རིམ་གྱི་ངོ་བོ་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་རང་ངོས་གསར་བརྗེ་བྱ་རྒྱུ་དེ་རེད”ཅེས་བརྗོད་ཡོད།ཆོད་གཏམ་དེ་ལས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ཀྱི་ཤེས་དཔལ་གྱི་དོན་སྙིང་དང་དུས་རབས་ཀྱི་རིན་ཐང་གནད་སྨིན་ངང་མངོན་ཡོད།

འདི་ནི2026ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དབྱང་ཡུས་ཉི(གཡོན)ཡིས་ཨུ་ཡོན་ཨོའུ་ཡན་ལིང(དཀྱིལ)དང་ཨུ་ཡོན་ཨེ་ཁྲུང་རུང་ལ་ཡུན་ནན་ཧུང་ཧོ་ཧཱ་ཉི་སྐས་ཞིང་གི་ཡིག་སྐོགས་མེད་པའི་འཕྲིན་ཡིག་ངོ་སྤྲོད་བྱེད་བཞིན་པ།
རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་ལ་གཞི་ཚུགས་ཏེ།རང་རྒྱལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཆེད་དོན་ཁྲིམས་འཛུགས་བཏོན་ནས་ནུབ་ཕྱོགས་དང་མི་འདྲ་བའི་རང་ཡུལ་ཅན་གྱི་མི་རིགས་བཅོས་སྐྱོང་གི་ཁྲིམས་སྐྱོང་དཔེ་གཞི་བཏོད་དེ་རྒྱལ་ཁབ་ཀྱི་བདག་དབང་གཅིག་གྱུར་སྲུང་སྐྱོང་དང་།ཕྱི་རོལ་སྟོབས་ཤུགས་ཀྱི་སིམ་འཛུལ་བཀག་འགོགཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་གཏོང་བཅས་ཀྱི་ཆེད་དུ་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
ཀོན་ཁའེ་ཡིས་དེང་རབས་མི་རིགས་རྒྱལ་ཁབ་འཛུགས་པའི་མ་ལག་ཁྲོད།ནུབ་ཕྱོགས་སུ་གྲུབ་པའི་སྣ་མང་རིག་གནས་རིང་ལུགས་དང་རང་སྒྱུར་རིང་ལུགས་ཀྱི་བཅོས་སྐྱོང་བྱེད་སྟངས་ཀྱི་རྣམ་པ་གཉིས་ནི།རྩ་བ་ནས་བཅོས་དཀའ་བའི་སྒྲིག་གཞི་རང་བཞིན་གྱི་ཞན་ཆ་གནས་ཡོད།“ནུབ་ཕྱོགས་ཀྱི་སྣ་མང་རིག་གནས་རིང་ལུགས་ཀྱི་རྩ་བ་ནི་རང་མོས་རིང་ལུགས་ཡིན་ཞིང་།དེ་ནི་མི་སྒེར་ཚན་པར་བྱས་པ་ཞིག་ཡིན་པ་དང་།མ་གཞི་སྣ་མང་རིག་གནས་རིང་ལུགས་ཞེས་བརྗོད་མོད།འོན་ཀྱང་ནུབ་ཕྱོགས་ཀྱི་མཁས་དབང་ཁག་གཅིག་གི་ཤོད་སྟངས་ལྟར་ན།དེ་ནི་རང་སྒྱུར་བྱེད་ཐབས་ལ་འགྱུར་ལྡོག་བཏང་བ་ཙམ་རེད”ནུབ་ཕྱོགས་ཀྱི་སྣ་མང་རིག་གནས་རིང་ལུགས་ཀྱིས་ཕྱི་ཚུལ་ནས་རིག་གནས་ཁོང་ཡངས་དར་སྤེལ་གཏོང་གི་ཡོད་མོད།འོན་ཀྱང་ངོ་བོ་ནི་རང་མོས་རིང་ལུགས་ཀྱི་རིན་ཐང་དེ་ཚད་གཞི་ཉག་གཅིག་ཏུ་འཛིན་གྱི་ཡོད་པས།དེ་ནི་མི་མངོན་པའི་རིན་ཐང་རང་སྒྱུར་བའི་ཁོངས་སུ་གཏོགས་པ་ཞིག་རེད། “གལ་ཏེ་ཁྱེད་ཀྱིས་རང་མོས་རིང་ལུགས་ཀྱི་རིན་ཐང་ཁས་མ་བླངས་ཚེ་སྣ་མང་རིག་གནས་རིང་ལུགས་ཡོད་ག་ལ་སྲིད”ཅེས་ཀོན་ཁའེ་ཡིས་བརྗོད་པ་དང་། ཁོང་གིས། རིན་ཐང་ཤན་འབྱེད་མ་ལག་རྐྱང་པ་དེས་ངོ་བོ་མི་འདྲ་བའི་ཤེས་དཔལ་དང་སྣ་མང་དད་མོས་མཉམ་འདྲེས་བྱེད་ཐབས་བྲལ་བ་དང་།ལོ་བཅུ་ལྷག་གི་གོང་གོ་ལ་ཧྲིལ་པོའི་ཆོས་ལུགས་ཐལ་སྐྱོད་རིང་ལུགས་གཅིག་སྡུད་ཐོག་ཐོན་པ་དེས་བྱེད་སྟངས་དེའི་བཅོས་སྐྱོང་ཐད་ཀྱི་ཞན་ཆ་ཐད་ཀར་མངོན་ཡོད་ལ། དེས་རིགས་ཚོ་དང་མི་རིགས་ཀྱི་འགལ་ཟླ་འབྱུང་རྩ་ནས་སེལ་ཐབས་བྲལ་བ་ར་སྤྲོད་ཐུབ་ཡོད་ཅེས་བརྗོད།

འདི་ནི་ཀོན་ཁའེ་ཡིས་ཀྲུང་གོའི་བོད་ལྗོངས་དྲ་བའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་བཞིན་པ།
དེང་རབས་རྒྱལ་ཁབ་འཛུགས་སྐྲུན་གྱི་དགོས་མཁོར་གཞིགས་ནས་མིག་སྔར་རྒྱལ་ཁབ་ཁག་གིས་རྒྱལ་དམངས་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ཡོངས་ཁྱབ་ངང་སྤེལ་བཞིན་ཡོད།དེའི་ཐད་ཀོན་ཁའེ་ཡིས“རྒྱལ་ཁབ་ཚང་མར་ཐོན་པའི་མི་རིགས་ཀྱི་གནད་དོན་ནི་སྒྲིག་ལམ་རིམ་པ་མཐོ་བའི་ཤེས་དཔལ་གྱི་དོན་སྙིང་ཐད་ངོ་བོ་གཅིག་མཚུངས་ཅན་གྱི་ཁྱད་ཆོས་མི་འདང་བ་དང་འབྲེལ་བ་ངེས་ཅན་ཡོད།ནུབ་ཕྱོགས་རྒྱལ་ཁབ་ཀྱི་རང་སྒྱུར་བྱེད་པའི་རིང་ལུགས་དེ་བཅོས་སྐྱོང་གི་ནོར་འཁྲུལ་གྱི་གནས་སུ་ལྷུང་ཞིང་། དེ་ནི་རྒྱལ་དམངས་གཞི་གཅིག་ཅན་གྱི་ཕྱོགས་རེ་བ་དེ་རིག་གནས་ངོ་བོ་གཅིག་མཚུངས་ཅན་དང་གཅིག་མཚུངས་སུ་འགྱུར་ནས། སྲིད་འཛིན་དང་ལམ་ལུགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རིགས་རྒྱུད་རིག་གནས་ཀྱི་ཁྱད་པར་མེད་པ་དང་ཁྱད་ཆོས་སྣ་མང་མེད་པ་བཟོ་རྩིས་བྱེད་པ་ཞིག་རེད།མི་མངོན་པའི་རང་བཞིན་གྱི་རིན་ཐང་རང་འདྲ་སྒྱུར་བའམ་ཡང་ན་མངོན་གསལ་རང་བཞིན་གྱི་བཙན་ཤེད་ཀྱིས་རང་འདྲར་སྒྱུར་བ་གང་ཡིན་རུང་།ནུབ་ཕྱོགས་ཀྱི་བཅོས་སྐྱོང་བྱེད་སྟངས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱུ་གཉིས་འགལ་ཟླར་གྱུར་པའི་བསམ་གཞིགས་ཐོག་ནས་རིགས་རྒྱུད་ཀྱི་འབྲེལ་བར་ཞིབ་ལྟ་བྱས་ཏེ།མི་རིགས་ཀྱི་ཁྱད་པར་རང་བཞིན་དང་རྒྱལ་ཁབ་ཀྱི་ཐུན་མོང་རང་བཞིན་དབར་གྱི་རྩོད་སྒྲུབ་ཀྱི་འབྲེལ་བ་བཅད་པ་དེ་ནི་གོ་ལ་ཧྲིལ་པོར་མི་རིགས་ཀྱི་གདོང་ཐུག་ཡང་ཡང་ཐོན་པ་དང་མི་རིགས་བཅོས་སྐྱོང་རྒྱུན་མཐུད་དཀའ་གནད་དུ་གྱར་བའི་གནད་འགག་གཙོ་བོ་ཞིག་ཀྱང་རེད”ཅེས་བརྗོད།
ནུབ་ཕྱོགས་ཀྱི་རྒྱུ་གཉིས་འགལ་ཟླར་གྱུར་པའི་བཅོས་སྐྱོང་གི་གཏན་ཚིགས་དང་གཏན་ནས་མི་འདྲ་སྟེ།རང་རྒྱལ་གྱི་མི་རིགས་བཅོས་སྐྱོང་དེ་ཀྲུང་ཧྭའི་ཤེས་དཔལ་གྱི་རྨང་གཞི་དང་རང་ཡུལ་གྱི་གནས་ཚུལ་ལ་གཏིང་ཟབ་གཞིགས་ནས།ཐུན་མོང་རང་བཞིན་ཆེ་རུ་གཏོང་རྒྱུ་བརྟན་སྲུང་གིས་ཁྱད་པར་རང་བཞིན་གྱི་ལྟེ་བའི་ཚད་གཞིར་བརྩི་འཇོག་དང་བསྟུན་མཁས་བྱེད་ཀྱི་ཡོད།ཀོན་ཁའེ་ཡིས“ང་ཚོས་རང་རྒྱལ་སྤྱི་ཚོགས་ཀྱི་སྣ་མང་ཅན་གྱི་དོན་དངོས་ཁས་མི་ལེན་པ་བྱེད་ཀྱི་མེད་ཅིང་།སྐུ་ཞབས་ཧྥེ་ཞའོ་ཐུང་གི་གསུངས་པ་ལྟར་ན།སྣ་མང་གཞི་གཅིག་ཟེར་བ་ནི‘སྣ་མང་ཁས་ལེན་ཡང་གཞི་གཅིག་དོན་གཉེར་བྱེད་པ’དེ་ཡིན་ལ། དེ་ནི་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་དཔེ་མཚོན་དུ་བྱེད་པའི་ཁྲིམས་སྐྱོང་མ་ལག་ཁྲོད་ཀྱི་མི་རིགས་གནད་དོན་དང་འབྲེལ་བ་ཡོད་པའི་ཁྲིམས་འཛུགས་དམིགས་ཡུལ་ཡིན”ཞེས་ནན་བཤད་བྱས། ཀྲུང་ཧྭའི་ཤེས་དཔལ་གྱི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་སྣ་མང་གཞི་གཅིག་གི་རྣམ་པ་ལས་རང་རྒྱལ་གྱིས“རང་འདྲར་སྒྱུར་བ”དང“འགལ་ཟླའི”ཐལ་དྲགས་བཅོས་སྐྱོང་བསམ་གཞིག་དོར་ནས། མི་རིགས་ཁག་གི་རིག་གནས་ཀྱི་ཁྱད་ཆོས་དང་ཡུལ་སྲོལ་གོམས་གཤིས་ཀྱི་ཁྱད་པར་ལ་བརྩི་འཇོག་གང་ལེགས་བྱེད་པའི་རྨང་གཞིའི་ཐོགམི་རིགས་ཁག་གི་ཐུན་མོང་གི་ལོ་རྒྱུས་དྲན་ཤེས་དང་།རིན་ཐང་འདུ་ཤེས།འཕེལ་རྒྱས་ཀྱི་ཁེ་ཕན་བཅས་མུ་མཐུད་གཅིག་སྡུད་བྱས་ཏེ། མི་རིགས་ཀྱི་སྣ་མང་རང་བཞིན་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་རང་བཞིན་རྩོད་སྒྲུབ་གཅིག་གྱུར་ཡོང་བ་བྱ་རྒྱུ་གཏན་འཁེལ་བྱས་ཡོད།

འདི་ནི་བོད་ལྗོངས་ནག་ཆུའི་སློབ་ཆུང་སློབ་མ་ཚོས་ཀྲུང་གོའི་རྒྱལ་ཁབ་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
རང་རྒྱལ་གྱི་མི་རིགས་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ཀྱིས་དུས་ཡུན་རིང་པོར་གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་མི་རིགས་འདྲ་མཉམ་གྱི་སྲིད་ཇུས་དོན་འཁྱོལ་བྱས་ནས།མི་རིགས་ཁག་དེང་རབས་ཅན་དུ་འཕེལ་རྒྱས་གཏོང་བའི་ཁྲིམས་སྐྱོང་རྨང་གཞིར་སྐུལ་འདེད་གཏོང་བར་དམིགས་ཀྱི་ཡོད་མོད། འོན་ཀྱང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་དང་རྒྱལ་དམངས་ཀྱི་ཐོབ་ཐང་གཅིག་སྡུད་ལ་ཆེད་དུ་དམིགས་པའི་ཁྲིམས་འཛུགས་ཤིག་ཐོག་མཐའ་བར་གསུམ་དུ་འདང་མེད། “ང་ཚོས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་ཐད།སྔོན་ཆད་ཆེད་བཏོན་གྱི་བཅའ་ཁྲིམས་ཀྱི་དོན་ཚན་མེད་ཅིང་།མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་བཏོན་པ་དེས་ད་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་ཕན་ཚུན་གསབ་རེས་བྱས་ནས་ཁེ་དབང་འགན་སྲུང་དང་བསམ་བློ་གཅིག་སྒྲིལ་གལ་ཆེ་མཉམ་འཛིན་དང་། སྣ་མང་འཕེལ་རྒྱས་དང་རྒྱལ་ཁབ་གཞི་གཅིག་མཐུན་སྦྱོར་གྱི་དེང་རབས་ཅན་གྱི་མི་རིགས་ཁྲིམས་སྐྱོང་མ་ལག་ཅིག་བཙུགས་ཡོད”ཅེས་ཀོན་ཁའེ་ཡིས་བརྗོད་པ་ལྟར་རེད།
གཞན་ཡང་ས་འབྲེལ་ཆབ་སྲིད་ཀྱི་འགྲན་རྩོད་རིམ་སྤོར་བྱུང་བ་དང་བསྟུན་ནས་མི་རིགས་ཀྱི་གྲོས་གཞི་དེ་ཕྱི་རོལ་ཕྱོགས་གཏོགས་ཀྱི་ལག་ཆ་ཞིག་ཏུ་མུ་མཐུད་གྱུར་ཞིང་།ཕྱི་རྒྱལ་གྱི་གླེང་ཕྱོགས་ལ་དམིགས་ཏེ་རྐང་བཙུགས་ནས“རིག་གནས་དང་རིགས་རྒྱུད་རྩ་མེད་དུ་གཏོང་བ”དང“མི་རིགས་གཉའ་གནོན”སོགས་ཀྱི་གནས་ཚུལ་རྫུན་བཟོ་བྱེད་པ་དང་།རང་རྒྱལ་གྱི་མི་རིགས་ལས་དོན་གྱི་ལག་ལེན་འཁྱོག་བཤད་བྱས་ནས།མི་རིགས་འབྲེལ་བ་ཁ་ཕྲལ་དུ་གཏོང་ཐབས་དང་མཐའ་མཚམས་བརྟན་ལྷིང་དང་རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་རྒྱུའི་རེ་ངན་འཆང་གི་ཡོད།འབྲེལ་ཡོད་ཕྱོགས་ཞེན་གྱི་བཤད་ཚུལ་ལ་དམིགས་ཏེ་ཀོན་ཁའེ་ཡིས“སྐད་ཆ་དེ་ནི་ཁུངས་ལུང་མེད་པའི་གཏམ་གླེང་ཞིག་རང་རེད།དུས་ཡུན་རིང་པོའི་སྤྱི་ཚོགས་ལག་ལེན་ཁྲོད་རང་རྒྱལ་གྱི་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་།སེམས་ཤུགས་གཅིག་སྒྲིལ།ཐུན་མོང་འཕེལ་རྒྱས་བཅས་བྱས་ནས་ཕན་ཚུན་འཆམ་མཐུན་གྱི་མཐུན་སྒྲིལ་ཆེན་པོ་ཆགས་ཡོད།ཀྲུང་གོའི་ལུགས་ཀྱི་དེང་རབས་འཕེལ་རྒྱས་གཏིང་ཟབ་ཕྱིན་པ་དང་བསྟུན་ནས་རང་རྒྱལ་གྱི་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་ཕྱིན་པ་དང་། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།མི་རིགས་ཁག་གི་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་ཐུབ་ནས།མཐུན་སྒྲིལ་རོགས་རེས་དང་མཉམ་གནས་མཉམ་དར་བྱ་རྒྱུ་དེ་རང་རྒྱལ་གྱི་མི་རིགས་འབྲེལ་བའི་གཙོ་རྒྱུན་བལྟོས་མེད་ཅིག་ཏུ་འགྱུར་ཡོད་པས།ནུབ་ཕྱོགས་ཀྱི་འདུ་ཤེས་འཛིན་སྟངས་ཅན་གྱི་མ་ཉེས་ཁ་གཡོགས་ཀྱི་གཏམ་གླེང་དག་ཕྱི་རོལ་ཡུལ་གྱི་དོན་དངོས་དང་རྦད་དེ་རྒྱབ་འགལ་ཏུ་འགྱུར་ཡོད”ཅེས་ཐད་ཀར་བརྗོད།

འདི་ནི་ཟླ4པའི་ཚེས22ཉིན་གྱི་དགོང་མོར་རྒྱ་གར་དང་།ཨུ་རུ་སུ།ལྷོ་ཁོ་རེ་ཡ་དང་།ནེ་པ་ལ་སོགས་རྒྱལ་ཁབ་དགུ་ཡི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག“མགུར་གླུ”ཉན་བཞིན་པ།
རྒྱུན་མཐུད་ངང་ས་འབྲེལ་ཐེ་ཇུས་དང་གླེང་ཕྱོགས་ཀྱི་བཀག་འགོག་བྱེད་པའི་མདུན་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལ་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཀྱི་རིན་ཐང་གལ་ཆེན་ལྡན་ཞིང་།བཅའ་ཁྲིམས་དེས་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་རྣམ་པའི་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འགན་འཁྲི་ཁ་གསལ་བཟོས་ཏེ་ལམ་ལུགས་ཀྱི་ཐད་ནས་ཕྱི་ཕྱོགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་སིམ་འཛུལ་བཀག་འགོག་བྱས་ཏེ།རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གྱི་རྩ་བའི་རྨང་གཞི་བརྟན་དུ་བཏང་ཡོད།གོ་ལ་ཧྲིལ་པོའི་མི་རིགས་བཅོས་སྐྱོང་གི་ཟང་ཟིང་དང་ནུབ་ཕྱོགས་ཀྱི་ཕྱོགས་ཞེན་གྱི་སྐད་ཆའི་མ་ལག་རྐྱང་པར་དམིགས་ནས་ཀོན་ཁའེ་ཡིས“ང་ཚོས་དངོས་འབྲེལ་དོན་དངོས་ར་སྤྲོད་ཀྱི་ཞིབ་འཇུག་དེ་བས་མང་བ་བྱས་ནས། ཉམས་མྱོང་དང་དཔང་རྟགས་དེ་བས་མང་བ་མཁོ་འདོན་བྱས་ཏེ་འཛམ་གླིང་ཡོངས་ལ་ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཐད་བསྐྱོད་པའི་ཡང་དག་པའི་ལམ་བུ་སྟོན་དགོས”ཞེས་བརྗོད།
ཁྲིམས་སྐྱོང་གིས་རྩ་བ་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་གྱིས་སྤྱི་ཡོངས་བརྟན་དུ་གཏོང་ཐུབ་ཅིང་།ཀྲུང་གོས་ཀྲུང་ཧྭའི་ཤེས་དཔལ་སྣ་མང་གཞི་གཅིག་གི་དམིགས་བསལ་རྨང་གཞིར་བརྟེན་ནས་ནུབ་ཕྱོགས་དང་མི་འདྲ་ལ་ས་གནས་དེ་གའི་གནས་ཚུལ་དང་འཚམ་པའི་མི་རིགས་བཅོས་སྐྱོང་གི་ལམ་བུར་བསྐྱོད་དེ་ཁྲིམས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་སྲུང་སྐྱོང་བྱས་ཏེ། རྒྱལ་ཁབ་ཡུན་རིང་བདེ་འཁོད་འགན་ལེན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྨང་གཞི་བརྟན་དུ་བཏང་བར་མ་ཟད།གོ་ལ་ཧྲིལ་པོའི་མི་རིགས་མང་བའི་རྒྱལ་ཁབ་ཀྱི་མི་རིགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་ཆེད་ཀྲུང་གོའི་ཁྲིམས་སྐྱོང་གི་ཇུས་གཞི་དང་ཤར་ཕྱོགས་ཤེས་དཔལ་གྱི་བློ་གྲོས་ལེགས་སྐྱེས་སུ་ཕུལ་ཡོད།ཡོ་རོབ་གྲོས་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་ལ་སྐྱོན་འཛུགས་དང་བསམ་ངན་བཅངས་ནས་མ་ཉེས་ཁ་གཡོགས་བྱེད་པ་ལས།རང་ངོས་བཅོས་སྐྱོང་གི་དཀའ་ངལ་ཐག་གཅོད་ཡག་པོ་བྱས་ན་ཡག་པ་ཡོད།གཡོ་ཐབས་རྫུས་མ་དེ་འདྲ་མུ་མཐུད་བྱས་ཚེ་ཡོ་རོབ་རང་ངོས་ཐར་ཐོར་དུ་གྱུར་པའི་དོན་དངོས་འགེབས་མི་ཐུབ་པ་མ་ཟད།ཁ་བྲལ་དང་གྲོགས་མེད་ཁེར་རྐྱང་གི་གནས་སུ་དེ་བས་ལྷུང་ནས་མཐར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགོད་ཁ་གློང་གཞི་ཞིག་ཏུ་འགྱུར་རྒྱུ་རང་རེད།