ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དབྱར་གསེང་གློག་བརྙན་སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར་57ལས་བརྒལ་བ།

སྤེལ་དུས 2026-07-29 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

              དྲ་ཐོག་ཏུ་སྤེལ་བའི་གྲངས་གཞིར་གཞིགས་ན། ཚེས་27ཉིན་གྱི་ཆུ་ཚོད་ཀླད་ཀོར་བར། 2026ལོའི་དབྱར་གསེང་གློག་བརྙན་གྱི་སྤ་སེའི་ཡོང་འབབ(སྔོན་འཚོང་ཚུད་པ)སྒོར་དུང་ཕྱུར་57ལས་བརྒལ་བ་དང་། 2026ལོ་འཁོར་གྱི་གློག་བརྙན་སྤ་སེའི་ཡོང་འབབ(སྔོན་འཚོང་ཚུད་པ)སྒོར་དུང་ཕྱུར་214ལས་བརྒལ་ཡོད།


              ད་ལོའི་དབྱར་གསེང་སྐབས་སུ་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་བརྩམས་ཆོས་120ལྷག་གཅིག་མཇུག་གཉིས་མཐུད་ངང་སྟོན་བཞིན་ཡོད་པ་དང་། གློག་བརྙན་བརྩམས་ཆོས་དེ་དག་ནང་ལོ་རྒྱུས་དང་སྤྲོ་གར། དྲག་རྩལ། འགུལ་རིས། ཚན་རིག་འཆར་སྣང་སོགས་གློག་བརྙན་སྣ་རིགས་མི་འདྲ་བ་མང་པོ་འདུས་ཡོད།

              གློག་བརྙན་དེ་ཚོའི་ཁྲོད་སྤྲོ་གར་རིགས་ཀྱི་གློག་བརྙན་ལ་དགའ་བསུ་ཆེན་པོ་ཐོབ་ཡོད། དཔེར་ན་སྤྲོ་གར་འགུལ་རིས་གློག་བརྙན་<<གྲུབ་ཐོབ་བརྒྱད་>>ཅེས་པ་དེས་སྔོ་ལྗང་རི་ཆུར་བརྟེན་ནས་ཕེང་ལའེ་ལྷ་ཡུལ་བཞེངས་སྐྲུན་བྱས་ཏེ། ཤར་ཕྱོགས་མཛེས་རིག་གི་བརྗོད་དོན་གང་ལེགས་མངོན་པར་བྱས་ཡོད། གློག་བརྙན་བསྟན་ནས་ཉིན་8སོང་རིང་། ཁྱོན་གློག་བརྙན་སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར་6ལྷག་རག་ཡོད། གློག་བརྙན་གཏོང་སྤེལ་གྱི་ཆ་འཕྲིན་གསར་ཤོས་ལ་གཞིགས་ན། <<གྲུབ་ཐོབ་བརྒྱད>>ཅེས་པའི་གློག་བརྙན་དེ་ཉིན་ཤས་རྗེས་ད་དུང་རྒྱ་མཚོ་ཆེན་པོའི་གླིང་དང་། མེ་གླིང་བྱང་མ། ཡོ་རོབ་གླིང་སོགས་ས་ཁུལ་དུ་གཏོང་སྤེལ་བྱ་རྒྱུ་ཡིན་པ་རེད།

              མིག་སྔར་གློག་བརྙན<<དྲག་རྩལ་བུ་མོའི་རྐང་རྩེད་སྤོ་ལོ>>ཞེས་པ་དེའི་སྤ་སེ་ཕྱིར་འཚོང་བྱེད་ཚད་སྒོར་དུང་ཕྱུར་19ལས་བརྒལ་ཡོད་པ་དང་། གློག་བརྙན་དེས་དགོད་བྲོའི་ཁྱད་ཆོས་ལ་བརྟེན་ནས་ཕུན་སུམ་ཚོགས་པའི་བསམ་ཚོད་དང་། ཕུལ་བྱུང་རྩལ་འགྲན་ཁྲོད་ལྟད་མོ་བ་ཚོས་ཕུལ་བྱུང་སྤྲོ་གར་གློག་བརྙན་ལ་བཅངས་པའི་དྲན་ཤེས་དང་བརྩེ་སེམས་བསླངས་ཡོད།

              དབྱར་གསེང་འདིར་སྔ་རྗེས་སུ་གཏོང་སྤེལ་བྱ་རྒྱུའི་གློག་བརྙན་བརྩམས་ཆོས་ཁྲོད་ད་དུང་གྲོང་གསེབ་ཀྱི་དངོས་ཡོད་རྣམ་པའི་སྤྲོ་གར་གློག་བརྙན་<< ཆུ་སྣ་གར་ཁྲིད་མི་བྱེད་པ>>དང་།ཚན་རིག་འཆར་སྣང་གི་སྤྲོ་གར་གློག་བརྙན<< དགུ་བསྒྲིག་སྲས་མོ>> སྤྲོ་གར་མྱུལ་ཞིབ་འགུལ་རིས་གློག་བརྙན་<<ཐང་རྒྱལ་གདོན་འདྲེའི་མྱུལ་ཞིབ་པ>>སོགས་ཡོད།

              གཞན་ཡང་། གློག་བརྙན་<<རྨོ་བོ་ལགས་ལ་སྤྲིངས་པའི་སེམས་རྟེན་ཡི་གེ>>ཞེས་པ་དེས་མུ་མཐུད་གཟིགས་མོ་བ་ཚོའི་ཡིད་དབང་འགུག་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོར་གློག་བརྙན་སྤ་སེ་ཕྱིར་འཚོང་བྱེད་ཚད་མིག་སྔར་སྒོར་དུང་ཕྱུར་21ལས་བརྒལ་འདུག གློག་བརྙན་གསར་པ་འགའ་གཅིག་མཇུག་གཉིས་མཐུད་དུ་སྟོན་གྲབས་ཡོད་པ་དང་བསྟུན། དབྱར་གསེང་རིང་གི་གློག་བརྙན་སྤ་སེ་ཕྱིར་འཚོང་བྱེད་ཚད་ཀྱང་མུ་མཐུད་འཕར་རྒྱུ་ཡིན་པ་རེད།


རྩོམ་སྒྲིག་པ། རིག་གྲོལ།