རུ་ཁག་འདིས་སྲོག་འཚོལ་ཡོ་བྱད་སོགས་ཁྱེར་ནས་འགག་སྒོའི་ཉེ་འཁོར་དུ་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱེད་པ།
སྤེལ་དུས 2026-08-31
ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
རྩོམ་པ་པོ།
ཟླ་8ཚེས་30ཉིན། ཡུལ་མི་གནས་སྤོས་དོ་དམ་ཉེན་སེལ་རོགས་སྐྱོབ་འཕྲལ་སྒྲུབ་རུ་ཁག་གི་རུ་མི་ཚོས་སྲོག་འཚོལ་ཡོ་བྱད་དང་། མི་མེད་གནམ་གྲུ། སྲུང་སྐར་ཁ་པར། མྱུར་སྐྱོབ་སྨན་རྫས། འཛེག་ཐག་སོགས་ཁྱེར་ནས་མེ་ཟོན་རོགས་སྐྱོབ་དཔུང་ཁག་དང་མཉམ་དུ་དམག་སྤྱོད་ཐད་འཕུར་གནམ་གྲུར་བསྡད་དེ་སྐྱིད་གྲོང་འགག་སྒོའི་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་ནས་འགག་སྒོའི་ཉེ་འཁོར་དུ་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱེད་བཞིན་ཡོད།