སྐྱིད་གྲོང་ཆུ་རུད་ནང་མི་21རྐྱེན་ལམ་ལ་ཤོར་བ་དང་དངོས་པོ་847རྙེད་འདུག
སྤེལ་དུས 2026-09-03
ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
རྩོམ་པ་པོ།
ཚེས་2ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཟླ་9ཚེས་2ཉིན་གྱི་ཆུ་ཚོད་12པའི་བར། སྐྱིད་གྲོང་གི་“8·26”ཆུ་རུད་ཀྱི་གནོད་འཚེའི་ཁྲོད་མི་21རྐྱེན་ལམ་དུ་ཤོར་བ་དང་མི་541དང་འབྲེལ་བ་ཆད་ཅིང་། ཤུལ་ལུས་དངོས་པོ་847རྙེད་ཡོད།