སྦྲ་ཆེན་གྱི་ས་ཡོམ་རྗེས་ཀྱི་སློབ་ཚན་དང་པོ་འགོ་ཚུགས་པ།
སྤེལ་དུས 2026-11-06
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
2026ལོའི་ཟླ11པའི་ཚེས4ཉིན་གྱི་སྔ་དྲོའི་ཆུ་ཚོད11པར། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ7.0ཅན་བརྒྱབ་ནས་སློབ་ཁྲིད་སླར་གསོ་བྱས་རྗེས་ཀྱི་སློབ་ཚན་དང་པོ་དེ་ལྷ་སའི་ནག་ཆུ་ཆ་ཚང་སློབ་འབྲིང་དུ་འགོ་ཚུགས་པ་དང་། ཡུལ་གཞན་དུ་སློབ་ཁྲིད་ཉན་པར་སླེབས་པའི་སྦྲ་ཆེན་རྫོང་དམར་རུ་ཞང་དང་གངས་ཆེན་ཞང་གི་དགེ་སློབ་རྣམས་དེ་གར་འབྱོར་ཡོད།
ཚེས4ཉིན། ནག་ཆུ་གྲོང་ཁྱེར་ཡོངས་ཀྱི་དགེ་སློབ་ཁྲི13གྱིས་མཉམ་དུ་དྲ་ཐོག་དང་དྲ་འོག་ཟུང་འབྲེལ་གྱི་སྒོ་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོ་དེ་ཉན་ཡོད། ཡུལ་དངོས་ནས་པར་ལེན་པའི་སློབ་ཚན་གྱི་ནང་དོན་དེ་དག་ཕྱིས་སུ་བོད་ལྗོངས་ཀྱི་དགེ་སློབ་ཡོངས་ལ་བསྟན་ནས། ཡོམ་འགོག་གེགས་སེལ་གྱི་མི་སེམས་འགུལ་བའི་ཡུལ་དངོས་ཀྱི་རྣམ་པ་དེ་བོད་ལྗོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཚང་མའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་ཁྲིད་ནང་དོན་དུ་འགྱུར་བ་བྱ་རྒྱུ་རེད།