ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་པ་གཙོ་སྐྱོང་གནང་བ།

སྤེལ་དུས 2019-09-11 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
              ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ཀྲུང་དབྱང་གིས་གཏན་ལ་འཁེལ་བའི་སྒྱུར་བཅོས་ལས་འགན་ཁག་དོན་འཁྱོལ་བྱས་ཏེ་དུས་མཚམས་གོང་མའི་གཙོ་གནད་ནི་རྨང་གཞི་བརྟན་གཏོང་དང་ཀ་གདུང་ཡག་པོ་བསྒྲིགས་པ་དང་། དུས་དཀྱིལ་གྱི་གཙོ་གནད་དེ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་སྟོབས་ཤུགས་གཅིག་སྒྲིལ་བྱ་རྒྱུ་ཡིན་ཞིང་། ད་ཆ་ཤུགས་རྒྱག་ས་དེ་རྒྱུད་རིམ་ཚང་ལ་འདུས་འགྲིལ་དང་མཐུན་སྦྱོར་ཕན་ཆེའི་ཐོག་འཇོག་དགོས། ད་ཕན་ལོ་ཤས་རིང་ང་ཚོས་སྒྲིག་སྲོལ་རང་བཞིན་གྱི་འགོག་རྐྱེན་དང་། ལམ་སྲོལ་རང་བཞིན་གྱི་བཀག་འགོག་ཐག་གཅོད་དང་། སྲིད་ཇུས་རང་བཞིན་གྱི་གསར་གཏོད་ཐད་ཐོབ་པའི་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་ཟབ་ཏུ་བཏང་སྟེ་ཕྱོགས་ཁག་གི་ལམ་ལུགས་དེ་བས་འཐུས་ཚང་དང་གཏན་འཁེལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
              ཟླ་9ཚེས་9ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ཀྲུང་དབྱང་གིས་གཏན་ལ་འཁེལ་བའི་སྒྱུར་བཅོས་ལས་འགན་ཁག་དོན་འཁྱོལ་བྱས་ཏེ་དུས་མཚམས་གོང་མའི་གཙོ་གནད་ནི་རྨང་གཞི་བརྟན་གཏོང་དང་ཀ་གདུང་ཡག་པོ་བསྒྲིགས་པ་དང་། དུས་དཀྱིལ་གྱི་གཙོ་གནད་དེ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་སྟོབས་ཤུགས་གཅིག་སྒྲིལ་བྱ་རྒྱུ་ཡིན་ཞིང་། ད་ཆ་ཤུགས་རྒྱག་ས་དེ་རྒྱུད་རིམ་ཚང་ལ་འདུས་འགྲིལ་དང་མཐུན་སྦྱོར་ཕན་ཆེའི་ཐོག་འཇོག་དགོས། ད་ཕན་ལོ་ཤས་རིང་ང་ཚོས་སྒྲིག་སྲོལ་རང་བཞིན་གྱི་འགོག་རྐྱེན་དང་། ལམ་སྲོལ་རང་བཞིན་གྱི་བཀག་འགོག་ཐག་གཅོད་དང་། སྲིད་ཇུས་རང་བཞིན་གྱི་གསར་གཏོད་ཐད་ཐོབ་པའི་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་ཟབ་ཏུ་བཏང་སྟེ་ཕྱོགས་ཁག་གི་ལམ་ལུགས་དེ་བས་འཐུས་ཚང་དང་གཏན་འཁེལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་ནན་བཤད་གནང་བ་རེད།
              ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
              ཚོགས་འདུའི་ཐོག《སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《དེ་བས་ལེགས་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་བཏོད་དེ་དམངས་གཉེར་ཁེ་ལས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར》《ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《ངལ་རྩོལ་ནུས་ཤུགས་དང་ཤེས་ལྡན་མི་སྣ་སྤྱི་ཚོགས་རང་བཞིན་གྱི་འཁོར་རྒྱུག་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་ཁུར་པོ་ཡང་དུ་བཏང་ནས་སློབ་གསོ་སློབ་ཁྲིད་ཀྱི་ཁོར་ཡུག་བཟང་པོ་སྔར་བས་གཏོད་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》 《ཞིང་ཞོར་ཐོན་ཟོག་འགན་ལེན་འཐབ་ཇུས་གལ་ཆེན་ལག་བསྟར་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་ལས་དོན་ལ་སྤྱི་འདོམས་ལྟ་འདོམས་བྱ་རྒྱུའི་ཇུས་གཞི》 《ཚན་རྩལ་གསར་གཏོད་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་དུས་བདེ་ཀྲུང་གོ་བསྐྲུན་རྒྱུའི་སྐོར་གྱི་བསམ་འཆར》 《ལྗང་མདོག་འཚོ་བ་གཏོད་འཛུགས་བྱ་སྤྱོད་ཀྱི་སྤྱིའི་ཇུས་གཞི》 《གཞུང་ཁོངས་དངུལ་རྩའི་མ་རྩ་གཏོང་མཁན་གྱི་འགན་འཁྲིའི་གནས་སྐབས་ལག་བསྟར་གཏན་འབེབས》 《འགྱིག་རྫས་སྦགས་བཙོག་བཅོས་སྒྲིག་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད།
              ཚོགས་འདུའི་ཐོག་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་བཟོ་སྐྲུན་ལས་རིགས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་། དེང་རབས་ཐོན་ལས་མ་ལག་སྐྱེད་སྲིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བཅས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། ལག་རྩལ་གསར་བརྗེ་དང་། ཐོན་ལས་འཕོ་འགྱུར། འཛད་སྤྱོད་རིམ་སྤོར་བཅས་ཀྱི་དུས་བབ་དང་བསྟུན་ཏེ་ལས་སྒོ་སྦྲེལ་མཐུད་དང་། འཁོར་སྦྲེལ་སྣུར་སྲིང་། ལག་རྩལ་ཞིབ་འཇུག་བཅས་ཟབ་ཏུ་གཏོང་བ་དང་ལས་རྣམ་གསར་པ་དང་། བྱེད་ཐབས་གསར་པ། ཐབས་ལམ་གསར་པ་བཅས་འཚོལ་ཞིབ་བྱས་ཏེ་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་མཉམ་འདྲེས་དང་ལེགས་ཆ་འདོན་སྤེལ་དང་མཉམ་ལས་ཡུན་རིང་བྱས་ཏེ་མཉམ་འཚོ་མཉམ་གནས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
              ཚོགས་འདུའི་ཐོག་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། “གཡོ་འགུལ་སྤུ་ཙམ་མི་གཏོང་བ་གཉིས”མཐའ་འཁྱོངས་བྱས་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། ལམ་ལུགས་ཅན་བཅས་ཀྱི་ཡུན་རིང་བརྟན་ལྷིང་གི་འཕེལ་རྒྱས་ཁོར་ཡུག་གཏོད་པ་དང་། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱིས་ཁྲིམས་ལྟར་འདྲ་མཉམ་ངང་ཐོན་སྐྱེད་ཀྱི་རྒྱུ་ཆ་སྤྱོད་པ་དང་། ཡོངས་བསྒྲགས་གཞུང་དྲང་དྲང་གཞག་བཅས་ཀྱི་སྒོ་ནས་ཁྲོམ་རའི་འགྲན་རྩོད་ནང་ཞུགས་པ། བཅའ་ཁྲིམས་ཀྱི་སྲུང་སྐྱོང་འདྲ་མཉམ་ཐོབ་པ་བཅས་འགན་ལེན་བྱས་ཏེ་དམངས་གཉེར་ཁེ་ལས་ཀྱི་སྒྱུར་བཅོས་གསར་གཏོད་དང་། ཕྱོགས་སྒྱུར་རིམ་སྤོར། སྐྱོན་བྲལ་ངང་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་ཡོད།
              ཚོགས་འདུའི་ཐོག་ངལ་རྩོལ་ནུས་ཤུགས་དང་ཤེས་ལྡན་མི་སྣ་གོ་རིམ་ལྡན་པའི་སྤྱི་ཚོགས་རང་བཞིན་གྱི་འཁོར་རྒྱུག་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འདེགས་སྐྱོར་ནུས་ལྡན་ཞིག་དང་མིའི་ཕྱོགས་ཡོངས་འཕེལ་རྒྱས་ཡོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ངལ་རྩོལ་ནུས་ཤུགས་དང་ཤེས་ལྡན་མི་སྣ་སྤྱི་ཚོགས་རང་བཞིན་གྱི་འཁོར་རྒྱུག་སྒྲིག་སྲོལ་ལམ་སྲོལ་ལ་འགོག་རྐྱེན་བཟོ་བའི་ཞན་ཆ་མེད་པར་བཟོས་ཏེ། འཁོར་རྒྱུག་ལམ་སྲོལ་གཏོད་པ་དང་། འཁོར་རྒྱུག་ཐབས་ལམ་ཇེ་ཡངས་སུ་གཏོང་བ། འཁོར་རྒྱུག་བར་མཐོངས་རྒྱ་ཆེར་གཏོང་བ། ཐ་སྐྱོང་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་མི་ཚང་མས་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་རང་ངོས་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གོ་སྐབས་ཐོབ་པ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།
              ཚོགས་འདུའི་ཐོག་དགེ་རྒན་གྱིས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་དཔེ་ཁྲིད་མི་སྐྱོང་གི་འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་ནས་རིགས་དབྱེ་བཅོས་སྐྱོང་དང་རྩ་ལག་མཉམ་བཅོས་མཐའ་འཁྱོངས་བྱས་ཏེ། དཔྱད་བསྡུར་དཔྱད་ཞིབ་དང་། སྤྱི་ཚོགས་ལས་དོན་སློབ་གྲྭར་སྤེལ་བ། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་འཐེན་སྤྱོད་སོགས་ཀྱི་བྱ་བར་ལྟ་བཤེར་ཞིབ་བཤེར་བྱ་རྒྱུར་སྤྱི་འདོམས་དང་ཚད་ལྡན་དུ་གཏོང་བ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་གསོ་སློབ་ཁྲིད་དང་འབྲེལ་བ་མེད་པའི་བྱ་བ་གཙང་སེལ་དང་ཚད་ལྡན་དུ་བཏང་ནས་སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་ཁུར་པོ་དངོས་འབྲེལ་ཡང་དུ་བཏང་སྟེ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་བློ་རྩེ་གཅིག་སྒྲིམ་ངང་སློབ་ཁྲིད་བྱེད་ཐུབ་པ་དང་སེམས་རྣལ་དུ་ཕབ་ནས་མི་སྣ་གསོ་སྐྱོང་བྱེད་དུ་འཇུག་དགོས་ཞེས་བསྟན་ཡོད།
              ཚོགས་འདུའི་ཐོག་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་མཐའ་ཚད་ལ་བརྩིས་ཏེ་གྲངས་འབོར་དང་སྤུས་ཚད་གལ་ཆེ་མཉམ་དུ་འཇོག་རྒྱུ་མཐའ་འཁྱོངས་དང་། སྣ་ཁ་དབྱེ་བའི་འགན་ལེན་ལག་བསྟར། མཁོ་སྤྲོད་སྤྱི་འབོར་མང་དུ་གཏོང་བ། མཁོ་སྤྲོད་གྲུབ་ཆ་བཟང་སྒྲིག མཁོ་སྤྲོད་ཀྱི་འབྱུང་ཁུངས་རྒྱ་ཆེར་གཏོང་བ། མཁོ་སྤྲོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཞིང་ཞོར་ཐོན་ཟོག་གསོག་འཇོག་དང་ལས་སྣོན་ལས་རིགས་འཕེལ་རྒྱས་སྙོམས་སྒྲིག་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཚན་རིག་ལུགས་མཐུན་དང་བདེ་འཇགས་ཕན་ཆེའི་ཞིང་ཞོར་ཐོན་ཟོག་མཁོ་སྤྲོད་ཀྱི་འགན་ལེན་མ་ལག་གལ་ཆེན་ཧུར་ཐག་བསྐྲུན་དགོས་ཞེས་ནན་བཤད་བྱས་ཡོད།
              ཚོགས་འདུའི་ཐོག་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་ནི་དངུལ་རྩའི་ཁྲོམ་ར་བརྟན་པོ་དང་ཕན་ཆེའི་ངང་འཁོར་སྐྱོད་ཐུབ་པའི་རྨང་གཞིའི་རང་བཞིན་གྱི་འགན་ལེན་ཞིག་དང་སྤྱི་ཁོག་ལ་གཟབ་ནན་དོ་དམ་ལག་བསྟར་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན། དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ལ་སྤྱི་འདོམས་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྟ་འདོམས་ཀྱི་ཚད་གཞི་གཅིག་གྱུར་དང་། 
              འཇུག་འཐུས་དོ་དམ་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་བཀོད་ཁྱབ་ཚུལ་བཟང་སྒྲིག བཅོས་སྐྱོང་གྲུབ་ཆ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་སྒོ་ནས་ཁྱབ་ཚུལ་ལུགས་མཐུན་དང་། བཅོས་སྐྱོང་ལ་ཕན་འབྲས་ལྡན་པ། སྔོན་ཐོན་བློས་འཁེལ། ལྡེམ་ཤུགས་ལྡན་པ་བཅས་ཀྱི་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་མ་ལག་གྲུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
              ཚོགས་འདུའི་ཐོག མདོར་བསྡུས་འོས་འཚམ་དང་། ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་ནས་ཞིབ་ཕྲ་ཁྱབ་གདལ་དང་། རྒྱ་ཁྱབ་ངང་ཞུགས་པ། གཙོ་གནད་འབུར་དུ་ཐོན་པ། རིགས་དབྱེ་ཇུས་བསྟར་བཅས་ཀྱི་རྩ་དོན་གཞིར་བཟུང་། གྲོན་ཆུང་རྣམ་པའི་ལས་ཁུངས་དང་། ལྗང་མདོག་ཁྱིམ་ཚང་། ལྗང་མདོག་སློབ་གྲྭ ལྗང་མདོག་སྡེ་ཁུལ། ལྗང་མདོག་ཕྱིར་སྐྱོད། ལྗང་མདོག་ཁྲོམ་ར། ལྗང་མདོག་འཛུགས་སྐྲུན་སོགས་ཀྱི་གཏོད་འཛུགས་བྱ་སྤྱོད་སྤེལ་ནས་ལྗང་མདོག་འཚོ་བའི་འབྲེལ་ཡོད་སྲིད་ཇུས་དང་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ལྗང་མདོག་འཛད་སྤྱོད་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
              ཚོགས་འདུའི་ཐོག འགྱིག་རྫས་སྦགས་བཙོག་ལ་ཁ་གཏད་ཧུར་ཐག་བཅག་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོར་བཙུགས་ཏེ། འགྱིག་གིས་བཟོས་པའི་ཐོན་རྫས་ཁག་གཅིག་ཐོན་སྐྱེད་དང་བྲིན་ཚོང་། བེད་སྤྱོད་བཅས་གོ་རིམ་ལྡན་པའི་ངང་གཏན་འགོག་དང་ཚོད་འཛིན་བྱེད་པ་དང་། སླར་ཡང་བེད་སྤྱོད་གཏོང་ཆོག་པ་དང་ཕྱིར་བསྡུ་སླ་བ། ལྷུ་ལག་བཤིག་ཆོག་པ་བཅས་ཀྱི་ཚབ་བྱེད་ཐོན་རྫས་ཁྱབ་གདལ་ཧུར་ཐག་གཏོང་བ། ལྗང་མདོག་ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། འགྱིག་རྫས་ཟོག་རོ་བསྡུས་ནས་སླར་ཡང་བེད་སྤྱོད་གཏོང་རྒྱུ་ཚད་ལྡན་དུ་གཏོང་བ། ལྷུ་ཚིགས་ཁག་གི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ནུས་ལྡན་དང་། གོ་རིམ་ལྡན་པ། ཕན་ཆེ་བཅས་ཀྱི་སྒོ་ནས་འགྱིག་རྫས་སྦགས་བཙོག་བཅོས་སྒྲིག་བྱེད་དགོས་ཞེས་བསྟན་ཡོད།
              ཚོགས་འདུའི་ཐོག ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ང་ཚོས་སྒྲིག་སྲོལ་རང་བཞིན་གྱི་གཏིང་ཟབ་པའི་འགོག་རྐྱེན་ཐག་གཅོད་བྱ་རྒྱུར་གཙིགས་ཆེན་བྱས་པར་བརྟེན་སྒྲིག་སྲོལ་གྱི་སྒྱུར་བཅོས་གལ་ཆེན་རབ་དང་རིམ་པ་བཏོན་ནས་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་ཁག་གཅིག་ནུས་ལྡན་ངང་ཐག་གཅོད་ཐུབ་པ་མ་ཟད། ཁྱབ་ཁོངས་མང་པོར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། ཞིབ་ཕྲའི་རང་བཞིན་གྱི་བསྐྱར་གསོ། སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བཅས་བྱུང་ཡོད། ང་ཚོས་ལམ་སྲོལ་རང་བཞིན་གྱི་འགོག་རྐྱེན་གནད་དོན་ཁྱད་བསད་བྱ་རྒྱུར་གཙིགས་ཆེན་བྱས་པར་བརྟེན་འགག་གནད་དང་དཀའ་གནད་མང་པོ་ཞིག་བསལ་བ་དང་། སྤྱི་ཚོགས་ཧྲིལ་པོའི་འཕེལ་རྒྱས་ཀྱི་གསོན་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་རྒྱས་པར་བྱས་ཡོད། ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་རྒྱུར་གཙིགས་ཆེན་བྱས་ཏེ་མི་སེར་ཉེ་འགྲམ་གྱི་གནད་དོན་ལ་སྒྱུར་བཅོས་བྱེད་པ་ནས་འགོ་བཙུགས་ཏེ་དུས་ཐོག་ཏུ་ཁྱབ་རྒྱ་ཆུང་བ་དང་ཕན་འབྲས་ཐོན་མགྱོགས་པའི་སྲིད་ཇུས་རང་བཞིན་གྱི་གསར་གཏོད་ཁག་གཅིག་ལག་བསྟར་བྱས་པར་བརྟེན་དམངས་འཚོའི་ཁྱབ་ཁོངས་ཀྱི་སེམས་ཁྲལ་དང་རྙོག་དྲ་མང་པོ་ཐག་གཅོད་བྱུང་བ་དང་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཕྱིན་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་བཏོན་པའི་སྒྱུར་བཅོས་གལ་ཆེན་རབ་དང་རིམ་པར་ནན་ཏན་ངང་གསེད་བཀྲོལ་དང་། ལམ་ལུགས་སྒྱུར་བཅོས་དང་ལམ་ལུགས་འཁོར་རྒྱུག་སྤྱི་འདོམས། རྩེ་རིམ་ཇུས་འགོད་དང་རིགས་དབྱེ་སྦྲེལ་མཐུད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ། གོང་འོག་དང་ཕྱོགས་ཁག་གི་མཐུན་སྦྱོར་ལས་དོན་ཡག་པོ་བསྒྲུབས་པ། ལས་དོན་ཁག་གི་སྒྱུར་བཅོས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་རྒྱུར་གཙིགས་ཆེན་བཅས་བྱས་ཏེ་ལས་དོན་ཁག་གི་སྒྱུར་བཅོས་ཁག་ཕན་ཚུན་སྤེལ་ཟླར་འགྱུར་བ་དང་ཕན་འབྲས་བཟང་པོ་ཐོན་པ་བྱས་ནས་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་འབྲས་སུ་སྒྱུར་བ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།