དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ།

སྤེལ་དུས 2020-03-25 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ཚེས་24ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ཐུང་ཏུ་དར་ཞལ་པར་བསྐྱོན་ཡོད།
          ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཕོ་ལན་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཀྲུང་གོར་འཚམས་འདྲི་དང་རྒྱབ་སྐྱོར་གང་མང་ཞུས་པ་ཀྲུང་གོའི་མི་དམངས་ཀྱིས་སེམས་སུ་བཅངས་ཡོད། དཀའ་བའི་དུས་སུ་གྲོགས་ཀྱི་བཟང་ངན་རྟོགས་ཞེས་པ་བཞིན། ཀྲུང་གོས་ཀྱང་ཕོ་ལན་སྲིད་གཞུང་དང་མི་དམངས་ཀྱིས་རིམས་འགོག་ཐད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། ཀྲུང་གོས་ད་དུང་ཕོ་ལན་ཚུད་པའི་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་17དང་མཉམ་དུ་འཕྲོད་བསྟེན་རིགས་གཅིག་མཁས་པའི་བརྙན་མཐོང་ཚོགས་འདུ་འཚོགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཆ་འཕྲིན་དང་འབྲེལ་ཡོད་བྱ་ཐབས་དུས་ཐོག་ཏུ་མཉམ་སྤྱོད་ཞུས་ཡོད། ཀྲུང་གོས་འགྲོ་བ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་ཕོ་ལན་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གོ་ལའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱ་འདོད་ཡོད་ཅེས་གསུངས་ཡོད།
          ཞི་ཅིན་ཕིང་གིས། ཐེངས་འདིའི་རིམས་ནད་ལས་རྣམ་པར་རྒྱལ་བར་ང་ཚོར་སྟོབས་ཤུགས་དང་སེམས་ཤུགས་སྦྱིན་མཁན་དེ་ནི་ཀྲུང་གོའི་མི་དམངས་རེད། ཀྲུང་གོ་བ་དུང་ཕྱུར་14ཕྱར་བ་གྲུ་འདེགས་དང་། བློ་ཁ་གཅིག་མཐུན། ཆོད་སེམས་བརྟན་པོ་བཅས་ཀྱི་ཐོག་ནས་རིམས་ནད་དང་འཐབ་རྩོད་དྲག་པོ་བྱས་ཡོད། ཀྲུང་གོའི་རྒྱ་ཆེའི་སྨན་དོན་མི་སྣའི་ལུས་སྲོག་ཕངས་མེད་དང་འཆི་གསོན་བརྗེད་པའི་སྙིང་སྟོབས་དེར་ང་རང་སེམས་འགུལ་ཆེན་པོ་ཐེབས་བྱུང་། མི་དམངས་ནི་དཔའ་བོ་ངོ་མ་དེ་རེད། མི་དམངས་ལ་དམ་པོར་བསྟེན་ན་ང་ཚོས་ཏན་ཏན་རིམས་ནད་དེ་ལས་རྣམ་པར་རྒྱལ་ཐུབ་ངེས་རེད་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཐུབ་ངེས་རེད་ཅེས་གསུངས་ཡོད།
          ཞི་ཅིན་ཕིང་གིས། ཕོ་ལན་ནི་ཡོ་རོབ་མནའ་འབྲེལ་དང་ཡོ་རོབ་དབུས་ཤར་གྱི་ཀྲུང་གོའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་རེད། ཀྲུང་གོས་ཕོ་ལན་དང་མཉམ་དུ་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་དང་། ཕན་ཚུན་བར་ཤེས་རྟོགས་བྱེད་པ་དང་འཐབ་ཇུས་ཐད་ཕན་ཚུན་བར་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ཏེ་ཀྲུང་གོ་དང་ཕོ་ལན་གྱི་འབྲེལ་བ་མུ་མཐུད་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་དང་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བའི་གོང་འཕེལ་ཐད་ལེགས་སྐྱེས་གལ་ཆེན་འབུལ་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
          ཏུ་དས། ཀྲུང་གོས་འཕྲལ་ཐག་ཆོད་པའི་བྱ་སྤྱོད་བཟུང་བ་དེས་རིམས་ནད་འགོས་ཁྱབ་འགྲོ་རྒྱུ་སྔོན་འགོག་ནུས་ལྡན་ཐུབ་ཡོད། ང་རང་ནས་ཀྲུང་གོའི་མི་དམངས་དང་རིམས་འགོག་ལས་དོན་ནང་ཞུགས་མཁན་གྱི་ཀྲུང་གོའི་སྨན་དོན་མི་སྣར་དགའ་གུ་ཡིད་རངས་ཞུ་བཞིན་ཡོད། ཀྲུང་གོའི་འབྲེལ་ཡོད་ཉམས་མྱོང་ནི་ཕོ་ལན་གྱིས་དཔྱད་གཞིར་བཟུང་རུང་བ་ཞིག་རེད། ཕོ་ལན་ལའང་རིམས་ནད་ཀྱི་འགྲན་རྩོད་དྲག་པོ་འཕྲད་ཡོད་པ་དང་སྨན་བཅོས་འགོག་སྲུང་དངོས་ཟོག་དགོས་མཁོ་ཆེན་པོ་ཡོད། ཀྲུང་གོས་དུས་ཐོག་ཏུ་རྩ་ཆེའི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ནི་ཕོ་ཀྲུང་བར་གྱི་མཛའ་གྲོགས་ཟབ་མོའི་མངོན་ཚུལ་ཞིག་རེད། ཀྲུང་གོའི་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་ཡོད་པས། ཀྲུང་གོས་རིམས་ནད་ལས་རྣམ་པར་རྒྱལ་བ་དང་། གོང་འཕེལ་དེ་བས་ཡག་པ་མངོན་འགྱུར་ཐུབ་རྒྱུར་ང་རང་ལ་ཡིད་ཆེས་ཆེན་པོ་ཡོད། ཕོ་ལན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཡོ་རོབ་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། ང་རང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་བར་གྱི་མཛའ་གྲོགས་འབྲེལ་བར་གཅེས་འཛིན་བྱེད་བཞིན་ཡོད་ལ། རིམས་ནད་མཇུག་འགྲིལ་རྗེས་གང་མགྱོགས་ཀྲུང་གོར་འཚམས་འདྲི་ཞུ་ཐུབ་པའི་རེ་བའང་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།