དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཀྲུང་གོ —ཨ་རབ་རྒྱལ་ཁབ་ཀྱི་སྲིད་ཏང་གི་གླེང་མོལ་ཚོཌ་འདུའི་དམིགས་བསལ་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་བཏང་གནང་བ།

སྤེལ་དུས 2020-06-24 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         ཚེས་22ཉིན་ཀྲུང་གོ —  ཨ་རབ་རྒྱལ་ཁབ་ཀྱི་སྲིད་ཏང་གི་གླེང་མོལ་ཚོགས་འདུའི་དམིགས་བསལ་ཚོགས་འདུ་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་བཏང་གནང་བ་རེད།
         ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ —  ཨ་རབ་རྒྱལ་ཁབ་ཀྱི་སྲིད་ཏང་གི་གླེང་མོལ་ཚོགས་འདུའི་དམིགས་བསལ་ཚོགས་འདུ་འགོ་ཚུགས་པའི་སྐབས་འདིར་ངས་ཀྲུང་གོ་གུང་ཁྲན་ཏང་དང་མི་སྒེར་གྱི་མིང་ཐོག་ནས་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་། ཚོགས་འདུར་ཞུགས་པའི་ཨ་རབ་རྒྱལ་ཁབ་ཀྱི་སྲིད་ཏང་གི་འགོ་ཁྲིད་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
         ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་ཨའི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཀྲུང་ཨ་མི་རིགས་ཆེན་པོ་གཉིས་ནི་གནའ་བོའི་དར་གོས་ལམ་བུའི་ཐོག་འགྲོ་འོང་གི་གྲོགས་པོ་ཡིན་པ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་རིང་ལག་གདང་སྦྲེལ་ནས་རོགས་ཟླ་བྱས་ཏེ་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་ཐུན་མོང་ཐོག་འབད་བརྩོན་བྱས་ཡོད། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་འཕྲད་སྐབས་ཀྲུང་ཨས་ལྟ་རེས་སྐྱོང་རེས་དང་མཉམ་དུ་དཀའ་སེལ་གྱིས་ཀྲུང་ཨའི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་བསྐྲུན་པའི་ལེའུ་གསར་པ་བརྩམས་ཡོད།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ཐེངས་ཀྱི་རིམས་ནད་ལས་མིའི་རིགས་ནི་བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པ་སླར་ཡང་གསལ་བཤད་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཚེ་སྲོག་སྐྱོབ་བཅོས་བྱས་པར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། ཐོག་མཐའ་བར་གསུམ་དུ་ཡོངས་བསྒྲགས་དང་། ཁ་གསལ་གཏིང་གསལ། འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ནང་ཧུར་ཐག་ཞུགས་པ་དང་སྐུལ་འདེད་བཏང་སྟེ། ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་རིམས་འགོག་དང་འཐབ་རྩོད་བྱ་རྒྱུར་ནུས་པས་ལྕོགས་ཚོད་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱ་ཆེའི་ཨ་རབ་རྒྱལ་ཁབ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱས་ཐོག་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།
         ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཨའི་སྲིད་ཏང་གི་གླེང་མོལ་ཚོགས་འདུ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཨ་རབ་རྒྱལ་ཁབ་ཀྱི་སྲིད་ཏང་གི་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་ཞིག་རེད། རིམས་ནད་ལས་བྱུང་བའི་དུས་བབ་གསར་པ་དང་འགྲན་སློང་གསར་པའི་མདུན་དུ་ཀྲུང་གོ་གུང་ཁྲན་ཏང་གིས་ཨ་རབ་རྒྱལ་ཁབ་ཁག་གི་སྲིད་ཏང་དང་མཉམ་དུ་ཀྲུང་ཨའི་སྲིད་ཏང་གི་གླེང་མོལ་ཚོགས་འདུའི་ལས་སྟེགས་ནུས་པ་ཡག་པོ་བཏོན་ནས་འཐབ་ཇུས་འབྲེལ་གཏུག་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་དུས་བབ་འོག་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱེད་པ། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་བཅས་བྱས་ཏེ་དུས་རབས་གསར་པའི་ཀྲུང་ཨའི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པ་དང་ཀྲུང་ཨ་མི་རིགས་ཆེན་པོ་གཉིས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད། ཚོགས་འདུ་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།
         ཀྲུང་གོ   — ཨ་རབ་རྒྱལ་ཁབ་ཀྱི་སྲིད་ཏང་གི་གླེང་མོལ་ཚོགས་འདུའི་དམིགས་བསལ་ཚོགས་འདུ་དེ་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་གཙོ་གཉེར་བྱས་པ་དང་ཚོགས་འདུ་འཚོགས་ཡུན་ཉིན་3ཡིན་ཞིང་། བརྗོད་དོན་གཙོ་བོ་ནི“ལག་གདང་སྦྲེལ་ནས་དུས་རབས་གསར་པའི་ཀྲུང་ཨའི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་བསྐྲུན”ཞེས་པ་དེ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།