ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ཡུས་ཧྲུའུ་ཡི་ཐད་གཏོང་མཁན་ཞིག་ལ་སྐྱོན་བརྗོད་སློབ་གསོ་བཏང་།

སྤེལ་དུས 2025-02-25 ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། རྩོམ་པ་པོ།

 

         ཉེ་ལམ། དྲ་རྒྱའི་ཐད་གཏོང་མཁན་བདེ་ཆེ་གེ་མོས་ཐད་གཏོང་ལམ་ནསPKབྱེད་སྐབས། ལྟ་མཁན་མང་པོ་འགུག་ཆེད་དང་དཔལ་འབྱོར་གྱི་ཁེ་ཕན་ཐོབ་ཆེད། སྤྱོད་བཙོག་འཁྲབ་སྟོན་དེ་ཆད་གཅོད་ཀྱི་ནང་དོན་བྱས་པས་སྤྱི་པའི་སྒྲིག་སྲོལ་ལ་རྒྱབ་འགལ་དང་། དྲ་རྒྱའི་ཁོར་ཡུག་ལ་སྦགས་བཙོག་ཚབས་ཆེན་བཟོས་ཤིང་། རྒྱ་ཆེའི་དྲ་དམངས་དང་སྒོས་སུ་ན་ཆུང་གཞོན་ནུ་རྣམས་ལ་ཧ་ཅང་མི་ལེགས་པའི་བག་ཆགས་བཞག ཉེན་རྟོག་རུ་ཆེན་གྱི་ཉེན་རྟོག་པས་ཐད་གཏོང་མཁན་ལ་སྐྱོན་བརྗོད་སློབ་གསོ་བཏང་། འབྲེལ་ཡོད་བཅའ་ཁྲིམས་སྒྲིག་སྲོལ་གཞིར་བཟུང་ནས། ཡུས་ཧྲུའུ་གྲོང་ཁྱེར་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱིས་ཁྲིམས་ལྟར་གྱོད་འབྲེལ་ཐད་གཏོང་མཁན་ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་། ཐད་གཏོང་མཁན་གྱི་ཐད་གཏོང་ཨང་གྲངས་གཉིས་ཟླ་གཅིག་རིང་སྒོ་བརྒྱབ།  

         ཐེངས་རྗེས་མར། ཡུས་ཧྲུའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་དྲ་རྒྱའི་བདེ་འཇགས་སྡེ་ཁག་གིས་དྲ་རྒྱའི་སྐོར་ཞིབ་ཁྲིམས་བསྟར་བྱེད་ཤུགས་མུ་མཐུད་དུ་མཐོར་འདེགས་སུ་བཏང་ནས། དྲ་རྒྱའི་ཆ་འཕྲིན་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་དྲ་རྒྱའི་ཐད་གཏོང་ལས་རིགས་ལ་ཕྱོགས་ཡོངས་དང་རྒྱུན་ལྡན་ཅན་གྱི་ལྟ་སྐུལ་དོ་དམ་བྱ་རྒྱུ་རེད། དེ་དང་ཆབས་ཅིག་དྲ་ཐོག་ཐད་གཏོང་མཁན་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་ནས། ཁོ་ཚོར་ཡང་དག་པའི་རིན་ཐང་ལྟ་བ་དང་ལས་རིགས་ལྟ་བ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ། རང་རྟོགས་ངང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱས་ཏེ་དྲ་རྒྱའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་རེད།