ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་བརྡ་ཐོ།

སྤེལ་དུས 2025-02-25 ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། རྩོམ་པ་པོ།

མཚོ་སྔོན་ཞིང་ཆེན་གྱི2025ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུས་པའི(ཐོག་མའི་རྒྱུགས་ལེན)རྒྱུགས་འབྲས་ཁྱབ་སྒྲོག་སྐོར་གྱི་བརྡ་སྦྱོར།

       སློབ་གསོ་པུའི་འབྲེལ་ཡོད་ཡིག་ཆའི་བླང་བྱ་ལྟར། མཚོ་སྔོན་ཞིང་ཆེན་གྱི་སློབ་བསྡུ་ལས་ཁུངས་ཀྱིས2025ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་བསྡུ་རྒྱུགས་ལེན(ཐོག་མའི་རྒྱུགས་ལེན)གྱི་རྒྱུགས་འབྲས2025ལོའི་ཟླ2པའི་ཚེས24ཉིན་གྱི་ཆུ་ཚོད15ཡི་རྗེས་སུ་སྤྱི་ཚོགས་ལ་བསྒྲག་རྒྱུ་ཡིན་ཞིང་། ཁྱབ་སྒྲོག་གི་འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར། མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་སློབ་ཆེན་དང་། མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་སུ་རྒྱུགས་སྤྲད་པའི་སློབ་མ་རྣམས2025ལོའི་ཟླ2པའི་ཚེས24ཉིན་གྱི་ཆུ་ཚོད15ཡི་རྗེས་ནས་བཟུང་“ཀྲུང་གོའི་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཆ་འཕྲིན་དྲ་བའི”སྟེང་ཞུགས་ནས་རྒྱུགས་སྤྲོད་སའི་སློབ་གྲྭ་འདེམ་ནས་རང་ཉིད་ཀྱི་ཐོག་མའི་རྒྱུགས་ལེན་གྱི་རྒྱུགས་འབྲས་ལ་བལྟ་ཆོག ཡང་ན་སློབ་བསྡུའི་ལས་ཁུངས་ཀྱི་གཞུང་ཕྱོགས་དྲ་ཚིགས་ཐོག་ཁྱབ་བསྒྲགས་བྱས་པའི་འདྲི་རྩད་བཀོད་སྒྲིག་དང་ཐབས་ལམ་གཞིར་བཟུང་རྒྱུགས་འབྲས་འདྲི་རྩད་བྱས་ཆོག 

       རྒྱུགས་སྤྲོད་སློབ་མས་རང་ཉིད་ཀྱི་རྒྱུགས་སྐར་ལ་བསམ་འཆར་མི་མཐུན་པ་ཡོད་ཚེ། སློབ་བསྡུའི་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པའི་རེ་ཞུ་བྱེད་སྟངས་དང་འབྲེལ་ཡོད་བླང་བྱ་ལྟར།  ཐོ་འགོད་བྱས་པའི་སློབ་བསྡུའི་ལས་ཁུངས་ལ་རྒྱུགས་སྐར་བསྐྱར་ཞིབ་བྱ་དགོས་པའི་རེ་བ་ཞུ་ཆོག་པ་དང་། བསྐྱར་ཞིབ་བྱས་འབྲས་དེ་སློབ་བསྡུའི་ལས་ཁུངས་ཀྱིས་རྒྱུགས་ལེན་མཁན་ལ་བཤད་དགོས། 2025ལོའི་རྒྱལ་ཡོངས་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་བསྡུའི་རྒྱུགས་སྤྲོད་སློབ་མ་བསྐྱར་རྒྱུགས་ནང་ཞུགས་པའི་སྐར་གྲངས་ཀྱི་གཞི་རྩའི་བླང་བྱ་ནི་སློབ་གསོ་པུའུ་ཡིས་གཅིག་གྱུར་གྱིས་དབྱེ་འབྱེད་བྱེད་པ་ཡིན་པས། རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་དུས་ཐོག་ཏུ་ཀྲུང་གོའི་ཞིབ་འཇུག་སློབ་མའི་སློབ་བསྡུ་ཆ་འཕྲིན་དྲ་བར་དོ་ཁུར་གནང་རྒྱུ་མ་བརྗེད།