ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ཁྱིམ་བདག་དང་སློབ་མ་ཚོས་ཁ་བསླུས་རྒྱག་སྟངས་འདིར་དོགས་ཟོན་གནང་དང་།

སྤེལ་དུས 2025-03-18 ཡོང་ཁུངས། བཽད་ལྗོངས་ཉིན་ཚགས། རྩོམ་པ་པོ།

    ཉེ་དུས། རྒྱལ་ཡོངས་ཀྱི་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་ཀྱིས་ཉེན་ཟོན་སྔོན་བརྡ་བཏང་སྟེ། རྒྱ་ཆེའི་སློབ་སྐྱོར་དངུལ་བུན་ལེན་མཁན་སློབ་མ་ཚོས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས། སློབ་སྐྱོར་དངུལ་བུན་འཇལ་བའི་འགྲོ་ལུགས་གཉེར་རོགས་བྱས་ཆོག་ཟེར་མཁན་གྱི་གཡོ་ཐབས་འོག་ཏུ་མི་ཚུད་པ་བྱེད་དགོས་པའི་དྲན་སྐུལ་བྱས་འདུག

    ཉེ་དུས། ཁྲིམས་འགལ་བ་ཁག་གཅིག་གིས་སློབ་གསོ་སྡེ་ཚན་ནམ་ཡང་ན་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གཏོང་མཁན་དངུལ་ཁང་གི་ལས་དོན་པ་ཡིན་ཁུལ་བྱས་ཏེ། སློབ་སྐྱོར་དངུལ་བུན་ལེན་མཁན་སློབ་མར་དངུལ་བུན་འཇལ་བའི་འགྲོ་ལུགས་གཉེར་རོགས་བྱེད་པར་ཁ་གཡར་ནས། ལག་ཐོགས་ཁ་པར་གྱི་བརྙན་ཤེལ་མཉམ་སྤྱོད་བྱེད་པར་བརྟེན་ནས་ར་སྤྲོད་ཨང་གྲངས་རག་ཐབས་བྱེད་པ་དང་། རྩིས་ཐོའི་གསང་བའི་ཨང་གྲངས་རྐུ་བ། ཕྱོགས་གསུམ་པའི་རྩིས་ཐོའི་ནང་དངུལ་སྒྱུར་དུ་འཇུག་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་དངུལ་བུན་ལེན་མཁན་གྱི་སློབ་མའི་དངུལ་གཡོ་ལེན་བྱེད་ཀྱི་ཡོད། དེར་བརྟེན། རྒྱ་ཆེའི་སློབ་སྐྱོར་དངུལ་བུན་ལེན་མཁན་སློབ་མ་ཚོས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས། རང་ཉིད་ཀྱི་ཆ་འཕྲིན་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་གང་ལེགས་བྱེད་དགོས། སློབ་གསོ་སྡེ་ཚན་ནམ་ཡང་ན་རྒྱལ་ཁབ་སློབ་སྐྱོར་དངུལ་བུན་གཏོང་མཁན་དངུལ་ཁང་གི་ལས་དོན་པས་ལག་ཐོགས་ཁ་པར་གྱི་བརྙན་ཤེལ་མཉམ་སྤྱོད་སོགས་བྱེད་དུ་འཇུག་མི་སྲིད་ལ། དངུལ་བུན་ལེན་མཁན་ལ་ར་སྤྲོད་ཨང་གྲངས་སམ་ཡང་ན་གསང་བའི་ཨང་གྲངས་མཁོ་འདོན་བྱེད་དུ་འཇུག་མི་སྲིད་པས། ངེས་པར་དུ་གཞུང་ཕྱོགས་ཀྱི་ཚད་ལྡན་ཐབས་ལམ་བརྒྱུད་ནས་དངུལ་བུན་འཇལ་དགོས།  

    གལ་སྲིད་ཁ་བསླུས་རྒྱག་པའི་གནས་ཚུལ་དེ་རིགས་ཤེས་ཚེ། ངེས་པར་དུ་འཕྲལ་མར་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུ་བའམ་ཡང་ན་སྤྱི་བདེ་པུའུ་གློག་འཕྲིན་ཁ་བསླུས་ངོ་རྒོལ་ཞབས་ཞུའི་ཐད་སྦྲེལ་ཁ་པར་96110ལ་བློ་འདྲི་བྱེད་དགོས།   

རྒྱལ་ཡོངས་ཀྱི་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་ནས།

2025ལོའི་ཟླ་2ཚེས་19ཉིན།