གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་དུས་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱི་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས“བྲིན་རྫུ་ཁེ་སློག”དང་། “རྒྱུ་ནོར་དོ་དམ་རྫུན་མ་བྱེད་པའི”གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་གཉིས་རྩད་ཆོད་པ་དང་། ལེ་ཆེ་གེ་མོ་སོགས་ཉེས་གསོག་པ12འཛིན་བཟུང་བྱས་ནས་སྒོར་ཁྲི20.4ཕྱིར་འདེད་ལེན་བྱས།
ཟླ་དང་པོའི་ཚེས8ཉིན། གནོད་འཚེ་ཕོག་མཁན་བཀྲ་ཆེ་གེ་མོས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་གྱོད་དོན་སྙན་སེང་ཞུ་སྐབས། “བྲིན་རྫུ་ཁེ་སློག”གི་གཡོ་ཇུས་ཀྱིས་སྒོར་ཁྲི23ལྷག་ཙམ་མགོ་སྐོར་ཐེབས་པ་དང་། ཟླ3པའི་ཚེས15ཉིན། གནོད་འཚེ་ཕོག་མཁན་མ་ཆེ་གེ་མོས་ཀྱང་དྲ་ཐོག་རྒྱུ་ནོར་དོ་དམ་བྱས་པས་སྒོར་ཁྲི79ལྷག་ཙམ་མགོ་སྐོར་ཐེབས་ཞེས་གྱོད་དོན་སྙན་སེང་ཞུས།
གྱོད་གཞི་ཐོན་རྗེས་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་ཆེད་དོན་ཚོགས་ཆུང་བཙུགས། ཆེད་དོན་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་ས་ཁུལ་ཕྱི་རོལ་གྱི་ཞིང་ཆེན་དང་གྲོང་ཁྱེར་མང་པོར་བསྐྱོད་ནས་བརྟག་དཔྱད་དཔང་རྟགས་དང་བརྐོས་དངུལ་འཛིན་བཟུང་དང་འདེད་ལེན་གྱི་ལས་དོན་སྤེལ་བ་རེད། ཟླ་བ་གཅིག་གི་རིང་ཉེན་རྟོག་པས་དཔང་རྟགས་དང་རྒྱུ་ཆ་འབོར་ཆེན་བསྡུ་རུབ་བྱས་པར་མ་ཟད། རེས་སྐོར་མང་པོ་གསེད་བཀྲོལ་དང་ཡང་ཡང་ཞིབ་དཔྱད་བྱས་པ་བརྒྱུད་མཐར་ཉེས་གསོག་དོགས་ཡོད་པའི་རྗེས་ཤུལ་གཏན་འཁེལ་བྱས་པ་དང་། ས་གནས་མང་པོའི་ཉེན་རྟོག་ཕྱོགས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག་ཉེས་གསོག་དོགས་ཡོད་པ12འཛིན་བཟུང་བྱས་པ་དང་མགོ་སྐོར་ཐེབས་པའི་མ་དངུལ་སྒོར་ཁྲི20.4ཕྱིར་འདེད་ལེན་བྱས།
མིག་སྔར། གྱོད་གཞི་གཉིས་རིམ་བཞིན་མྱུལ་ཞིབ་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། མང་ག་མཚོ།