ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ཁ་མཐུན་དཔུང་བསྒྲིལ་གྱིས་རྒྱག་རེས་རྒྱག་མཁན་མི9བཀག་ཉར་བྱས་འདུག

སྤེལ་དུས 2025-04-25 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

      ཟླ4པའི་ཚེས18ཉིན་གྱི་ཐོ་རེངས་ལ། ལྷ་ས་གྲོང་ཁྱེར་གྱི་ཆུ་མིག་ལམ་དུ་ཁ་མཐུན་དཔུང་བསྒྲིལ་གྱིས་རྒྱག་རེས་རྒྱག་པའི་གྱོད་གཞི་ཞིག་བྱུང་བ་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀུན་བདེ་གླིང་མངགས་གཏོང་ཁང་གི་གྱོད་སྒྲུབ་རུ་ཁག་གིས་བརྟག་དཔྱད་བྱས་པ་བརྒྱུད། ཡོན་ཆེ་གེ་མོ་སོགས་མི4དང་ཕེང་ཆེ་གེ་མོ་སོགས་མི5ཡི་དབར་དོན་དག་ཙག་ཙིག་ཐད་ཁ་རྩོད་ཤོར་རྗེས་རྒྱག་རེས་བྱས་པ་དང་། དེའི་རིང་དབྱང་ཆེ་གེ་མོ་དང་ཕེང་ཆེ་གེ་མོ་སོགས་ཀྱིས་གྲི་དང་ལྕགས་དབྱུག་ཁྱེར་ནས་ཡོན་ཆེ་གེ་མོ་དང་ཤུའེ་ཆེ་གེ་མོ་སོགས་ལ་ཉེས་རྡུང་བཏང་ནས་རྨས་སྐྱོན་བཟོས་པ་རྩད་ཆོད།

      མིག་སྔར། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁྲིམས་འགལ་བ9ལ་སྲིད་འཛིན་བཀག་ཉར་བྱས་པ་དང་འབྲེལ་དངུལ་ཆད་བཅད་པར་མ་ཟད། ཉེས་གསོག་ཡོ་བྱད་ཚང་མ་འཕྲོག་པ་དང་སྦྲགས། གྱོད་གཞི་དེ་ཉེས་དོན་མྱུལ་ཞིབ་ཚན་པར་སྔར་བས་ཐག་གཅོད་བྱེད་པར་རྩིས་སྤྲོད་བྱས།

རྩོམ་སྒྲིག་པ། མང་ག་མཚོ།