ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

རྒྱལ་ཁབ་འདི་ནས་རྡོ་སྣུམ་འདྲེན་མཁན་རྒྱལ་ཁབ་ལ་བཀག་སྡོམ་བྱ་རྒྱུ་རེད།

སྤེལ་དུས 2025-03-26 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
            ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་24ཉིན། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེ་རོན་ཕུ་སྲིད་གཞུང་གིས་ཝེ་ནེ་རུའེ་ལ་ནས་རྡོ་སྣུམ་ནང་འདྲེན་བྱེད་པའི་འབྲེལ་ཡོད་རྒྱལ་ཁབ་ལ་སྒོ་ཁྲལ་བསྡུ་བའི་དོན་དེར་གསལ་བསྒྲགས་སྤེལ་བ་རེད།
            གསལ་བསྒྲགས་ནང་འཁོད་དོན། ཨ་རིས་རྒྱལ་ཁབ་གསུམ་པའམ་དེའི་རྡོ་སྣུམ་ཀུང་སི་གང་རུང་ཞིག་གིས་ཝེ་ནེ་རུའེ་ལ་དང་མཉམ་དུ་རྡོ་སྣུམ་དང་རྡོ་སྣུམ་གྱི་འབྲེལ་ཡོད་ཐོན་རྫས་ཐོན་སྐྱེད་དང་། སྔོག་འདོན། ཕྱིར་གཏོང་བཅས་བྱེད་པར་བཟོད་སྒོམ་བྱེད་མི་སྲིད་པ་དང་། རྒྱལ་ཁབ་དེའི་ཀུང་སི་གང་རུང་ཞིག་གིས་ཝེ་ནེ་རུའེ་ལ་རུ་རྡོ་སྣུམ་ཐོན་སྐྱེད་དང་སྔོག་འདོན། ཕྱིར་གཏོང་བཅས་བྱེད་ཆོག་པའི་རྒྱལ་ཁབ་ཚང་མར་སྒོ་ཁྲལ་གསར་པ་བསྡུ་རྒྱུ་དང་། འབྲེལ་ཡོད་ཀུང་སི་ཚང་མར་བཀག་སྡོམ་བྱ་རྒྱུ་རེད།