“ཇ་སྟོན་བཤམས། གནམ་འོག་མཐུན”ཞེས་པའི་ བྱེད་སྒོ་མོ་རོ་ཁོར་འཚོགས་པ།
སྤེལ་དུས 2025-11-21
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།
རྩོམ་པ་པོ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ར་པ་ཐེ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། “ཇ་སྟོན་བཤམས། གནམ་འོག་མཐུན”ཞེས་པའི་བྱེད་སྒོ་མོ་རོ་ཁོའི་དཔལ་འབྱོར་ལྟེ་གནས་ཁ་ས་པུའུ་ལན་ཁ་རུ་འཚོཌ་ཤིང་། ཀྲུང་གོ་དང་མོ་རོ་ཁོའི་སྐུ་མགྲོན་བརྒྱ་ལྷག་ཙམ་གྱིས“ཇ་ལ་བརྟེན་ནས་གྲོགས་པོ་འགྲིག་པའི”ཐོག་ནས་ཇ་ཞིམ་པོ་དང་སྒྱུ་རྩལ་ཁྲོད་ནས་འཆམ་མཐུན་མཉམ་འདྲེས་ཀྱི་ཤར་ཕྱོགས་ཀྱི་མཛེས་སྡུག་མྱོང་རོལ་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་མོ་རོ་ཁོའི་ར་པ་ཐེ་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་རེད།