ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་གནམ་གྲུ་ཆེན་པོ་ཏི་པའེ་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་འགྲེམས་སྟོན་ལ་ཐེངས་དང་པོར་ཞུགས་པ།

སྤེལ་དུས 2025-11-26 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
འདི་ནི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་འགྲེམས་སྟོན་རིང་ལྟད་མོ་བས་གནམ་གྲུ་C919ལ་ལྟ་སྐོར་བྱེད་བཞིན་པ།
  ཟླ་11ཚེས་17ནས་ཚེས་21ཉིན་བར་2025ལོའི་ཏི་པའེ་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་འགྲེམས་སྟོན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏི་པའེ་རུ་འཚོགས་པ་རེད། ཏི་པའེ་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་འགྲེམས་སྟོན་ནི་གོ་ལ་ཧྲིལ་པོའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་འགྲེམས་སྟོན་གྱི་གྲས་ཤིག་ཡིན་པ་དང་ལོ་གཉིས་རེར་ཐེངས་རེ་གཉེར་གྱི་ཡོད། ད་རེས་ཀྱི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་འགྲེམས་སྟོན་ལ“འབྱུང་འགྱུར་གྱི་ཚན་རྩལ་དུས་རབས་ཤར་བ”བརྗོད་དོན་གཙོ་བོར་བྱས་ནས་གོ་ལ་ཧྲིལ་པོའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ལས་རིགས་ཀྱིས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་། མི་ཐབས་རིག་ནུས། མཁའ་དབྱིངས་འཚོལ་ཞིབ། རིག་ནུས་འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་གྲུབ་འབྲས་གསར་ཤོས་གཅིག་སྡུད་ཐོག་བསྟན་ཡོད། རྒྱལ་ཁབ་དང་ས་ཁུལ་40ལྷག་ཙམ་ནས་ཡོང་བའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་དང་དེ་བཞིན་དམག་དོན་བཟོ་ལས་ཁེ་ལས་བཅས་འགྲེམས་སྟོན་ལ་ཞུགས་པ་དང་བཟོ་ལྟ་སྣ་ཚོགས་ཀྱི་གནམ་གྲུ་200ལྷག་ཙམ་འགྲེམས་ཚོགས་ལ་སྟོན་ཡོད།