ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨ་རི་བུ་ལོན་འཇལ་དགོས་ཐུག

སྤེལ་དུས 2026-02-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཚེས6ཉིན། ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་རྒྱུན་སྡོད་འཐུས་མི་མའེ་ཁེ·ཝོའར་ཚི་ཡིས་ལུའུ་ཐུའུ་གསར་འགྱུར་ཁང་ལ་བརྗོད་དོན། ཨ་རིས་མི་རིང་བའི་གཟའ་འཁོར་འགའི་རིང་ལ་མཉམ་འབྲེལ་རྒྱལ་ཚོགས་ལ་ཐོག་མའི་གྲོན་དངུལ་ཕྲན་ཙམ་ཞིག་སྤྲད་ནས། འགྱངས་ཆད་བྱས་པའི་ཨ་སྒོར་དུང་ཕྱུར་བཅུ་ཕྲག་ཁ་ཤས་འཇལ་རྒྱུ་ཡིན་པ་དང་།  དུས་མཚུངས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངེས་པར་དུ་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་ཡོད། ཝོའར་ཚི་ཡིས་ལུའུ་ཐུའུ་གསར་འགྱུར་ཁང་དང་ཁ་པར་བརྒྱུད་ནས་བཅར་འདྲི་བྱེད་རིང་གོང་གསལ་གྱི་རྣམ་འགྱུར་བསྟན་ཞིང་། གཟའ་འཁོར་གཉིས་ཀྱི་གོང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆི་ཀུའུ་ཐེ་ལེ་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནོར་སྲིད་གནས་ཚུལ་སྐོར་ཉེན་བརྡ་བཏང་སྟེ། ཚོགས་མིའི་རྒྱལ་ཁབ་ཀྱིས་དངུལ་མ་སྤྲད་པའི་དབང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ“ནོར་སྲིད་ཐོར་ཞིག་ཏུ་འགྲོ་བའི”ཉེན་ཁ་ཆེན་པོ་འཕྲད་ཡོད་ཅེས་ཐ་ཚིག་བསྒྲགས་པ་དང་དེའི་བུ་ལོན་མང་ཆེ་བ་ཨ་རིའི་ཡིན། 
            ཝོའར་ཚི་གིས“དེ་ནི་མ་དངུལ་འབོར་ཆེན་ཞིག་ཡིན་པ་དང་མཐའ་མའི་དངུལ་གྲངས་ད་དུང་གཏན་འཁེལ་བྱས་མེད་མོད། འོན་ཀྱང་གཟའ་འཁོར་འགའི་རིང་གཏོང་སྤྲོད་བྱེད་ཐུབ་ངེས་རེད”ཅེས་བརྗོད། 
            མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཨ་རིས2025ལོར་རྒྱུན་སྲོལ་གྱི་སྔོན་རྩིས་དངུལ་གང་ཡང་སྤྲད་མེད་པ་དེའི་ནང2025ལོར་བུ་ལོན་ཨ་སྒོར་དུང་ཕྱུར8.27ཟིན་ཞིང་།  2026ལོར་བུ་ལོན་ཨ་སྒོར་དུང་ཕྱུར7.67ཟིན་གྱི་ཡོད། 
རྩོམ་སྒྲིག་པ།  རིག་གྲོལ།