
དབྱི་རན་གྱི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་པཱ་ཅཱ་ཨའེ།
ས་གནས་དེ་གའི་དུས་ཚོད་ཚེས25ཉིན། དབྱི་རན་གྱི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་པཱ་ཅཱ་ཨའེ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས། དབྱི་རན་གྱིས་ཨ་རི་དང་ཕྱི་འབྲེལ་འབྲེལ་གཏུག་བྱེད་སྐབས“གནོད་འཚེ་ཧ་ཅང་ཆེན་པོ་ཕོག་མྱོང”ཡོད་ཅེས་བརྗོད་པ་མ་ཟད། ཨ་རི་ཕྱོགས་ཀྱི་ཕྱི་འབྲེལ་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱང་བྱས་པ་རེད།
པཱ་ཅཱ་ཨའེ་ཡིས། ཉིང་རྡུལ་གནད་དོན་ལ་དམིགས་ནས་གྲོས་མོལ་བྱེད་རིང་གི་ཟླ་བ་དགུའི་ནང་དབྱི་རན་ལ་འཇབ་རྒོལ་ཐེངས་གཉིས་ཕོག་ཡོད་ཅེས་བརྗོད་པ་དང་། ཁོང་གིས་བྱ་སྤྱོད་དེ་ནི་ཕྱི་འབྲེལ་ལ“རྒྱབ་གཏོད་བྱས་པ”ཞིག་ཡིན་པར་མ་ཟད། གནས་ཚུལ་དེ་རིགས“ཐེངས་དང་པོ་མིན་པར་ཐེངས་གཉིས་པ་རེད”ཅེས་བརྗོད།
ཁོང་གིས་དེར་བརྟེན་མིག་སྔར“ཨ་རིའི་ཕྱི་འབྲེལ་ལ་ཡིད་ཆེས་བྱེད་མཁན་གཅིག་ཀྱང་མེད”ཅེས་བརྗོད།
པཱ་ཅཱ་ཨའེ་ཡིས་ད་དུང་ས་ཁུལ་གྱི་དུས་བབ་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་ཐེབས་པའི་ཤུགས་རྐྱེན་ཐད་ལན་སློག་ཅིང་། ཁོང་གིས་མིག་སྔའི་དུས་བབ་ཀྱིས་འཛམ་གླིང་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་པར་བསམ་ཤེས་བྱེད་ཀྱི་ཡོད་མོད། འོན་ཀྱང་འབྲེལ་ཡོད་གནས་ཚུལ“དབྱི་རན་ཕྱོགས་ཀྱིས་བཟོས་པ་ཞིག་མིན”ཞེས་ནན་བཤད་བྱས་པ་དང་། ཁོང་གིས“ཕྱི་ཕྱོགས་ཀྱིས་རྡོ་སྣུམ་གྱི་རིན་གོང་དང་བཟའ་བཅའི་རིན་གོང་ལ་དོ་ཁུར་བྱེད་ཀྱི་ཡོད། ང་ཚོས་དོ་ཁུར་བྱེད་པ་ནི་རྒྱལ་ཁབ་དེ་གའི་སྤྱི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ཡིན”ཞེས་བརྗོད།
རྩོམ་སྒྲིག་པ། རིག་གྲོལ།