ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཚོགས་ཆེན་འདིའི་མགྲིན་ཚབ་པསDeepSeekལ་བསྔགས་བརྗོད་གནང་འདུག

སྤེལ་དུས 2025-03-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི(ཚེས4ཉིན)གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་ཤིང་། ཚོགས་ཆེན་གྱི་མགྲིན་ཚབ་པ་ལོའུ་ཆིན་ཅན་གྱིས་ཚོགས་ཆེན་གྱི་གྲོས་རིམ་དང་མི་དམངས་འཐུས་ཚོགས་ཀྱིལས་དོན་དང་འབྲེལ་པའི་གནད་དོན་ཐད་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བཏབ། 

             མིས་བཟོས་རིག་ནུས་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནད་དོན་ལ་ལན་འདེབས་སྐབས། ལོའུ་ཆིན་ཅན་གྱིསDeepSeekཀུང་སིར་ཐོབ་པའི་འཕེལ་རྒྱས་གལ་ཆེན་གྱིས་ཀྲུང་གོའི་ཀུང་སི་ཁག་ཅིག་མིས་བཟོས་རིག་ནུས་ཁྱབ་ཁོངས་སུ་སྟོབས་ཆེན་འགྱུར་བཞིན་ཡོད་པ་མཚོན་ཞིང་། གཞོན་ནུ་དང་དར་མ་ལས་གྲུབ་པའི་གསར་གཏོད་ཚོགས་པས་ཀྲུང་གོའི་ཚན་རྩལ་བྱ་གཞག་ཡར་རྒྱས་ཀྱི་འགན་གཙོ་བོ་དེ་འཁུར་བཞིན་ཡོད་པས་བསྔགས་བརྗོད་བྱེད་འོས་ཞེས་གསུངས།  
             DeepSeekཀུང་སི་ཡིས་སྒོ་འབྱེད་ཀྱི་ལག་རྩལ་ལམ་ཐིག་མཐའ་འཁྱོངས་བྱས་ཤིང་། སྒོ་འབྱེད་མཉམ་སྤྱོད་བྱས་པས་མིས་བཟོས་རིག་ནུས་ལག་རྩལ་གོ་ལ་ཧྲིལ་པོར་ཡོངས་ཁྱབ་ཏུ་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བཏང་ལ། འཛམ་གླིང་ལ་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་ཕུལ་ཡོད། DeepSeekཀུང་སི་འདི་རིགས་འཕེལ་རྒྱས་བྱུང་བ་བརྒྱུད་ང་ཚོས་ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་ཐད་ཀྱི་གསར་གཏོད་རང་བཞིན་དང་བསྟུན་མཁས་རང་བཞིན་མཐོང་ཐུབ། 
             ལོའུ་ཆིན་ཅན་གྱིས་ཀྲུང་གོ་ཡིས་ཁྲིམས་ལྟར་གཞི་གྲངས་ཀྱི་གསང་དོན་དང་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་། དེ་དང་ཆབས་ཅིག་རྒྱལ་ཁབ་བདེ་འཇགས་ཀྱི་གོ་དོན་ཁྱབ་འགྱེད་ལ་ངོ་རྒོལ་དང་དཔལ་འབྱོར་ཚོང་དོན་ཚན་རྩལ་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བར་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས《གོ་ལ་ཧྲིལ་པོའི་མིས་བཟོས་རིག་ནུས་བཅོས་སྐྱོང་གྲོས་འགོ》བཏོན་ཞིང་། ཚན་རྩལ་གྱི་ཧེ་བག་སེལ་བར་སྐུལ་འདེད་བཏང་ནས་ཚན་རྩལ་གསར་གཏོད་དེ་རྒྱལ་ཁབ་ཕྱུག་པོ་དང་ཕྱུག་པོའི་རོལ་རྩེད་དུ་འགྱུར་རྒྱུ་སྔོན་འགོག་བྱེད་ཀྱི་ཡོད།  
             ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་མིས་བཟོས་རིག་ནུས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་ནས་སྐུལ་འདེད་གཏོང་བ་དང་། འཛམ་གླིང་དཔལ་འབྱོར་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་ཆེད་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས།