ལུས་པོ་རྒྱགས་དྲགས་པ་རྣམས་ལ་དམིགས་ནས་བྱ་སྤྱོད་འདི་སྤེལ་རྒྱུ།
སྤེལ་དུས 2025-03-12
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པས་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག རྒྱལ་ཁབ་འཕྲོད་བདེ་ཨུ་ལྷན་གྱི་ཀྲུའུ་རེན་ལའེ་ཧའེ་ཁྲའོ་ཡིས། ལུས་པོ་རྒྱགས་དྲགས་པར་དོ་དམ་བྱེད་པའི་ལོའི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན། མིག་སྔར། ཀྲུང་གོ་བའི་བདེ་ཐང་ལ་གནོད་འཚེ་བཟོ་བའི་རྒྱུ་རྐྱེན་གཙོ་བོ་དང་ནད་རིགས་གཙོ་བོ་ནི། དལ་བའི་རང་བཞིན་གྱི་འགོ་ནད་མིན་པའི་ནད་རིགས་ཡིན་པ་དང་། དལ་བའི་རང་བཞིན་གྱི་འགོ་ནད་མིན་པའི་རིགས་ཀྱི་ན་ཚ་སློང་བའི་རྒྱུ་རྐྱེན་མང་པོ་ཞིག་ནི་མི་སོ་སོའི་འཚོ་བ་སྐྱེལ་སྟངས་དང་། བཟའ་བཏུང་གོམས་གཤིས། ལུས་སྦྱོང་སོགས་དང་འབྲེལ་བ་དམ་ཟབ་ཡོད། དེ་ཡང་། དཔེར་ན་ལུས་པོ་རྒྱགས་དྲགས་པ་ལྟ་བུ་རེད། ལུས་པོ་རྒྱགས་དྲགས་ཚེ་ཁྲག་ཤེད་མཐོ་བ་དང་། གཅིན་པ་མངར་འགྱུར་གྱི་ནད། སྙིང་དང་ཀླད་པའི་ཁྲག་རྩའི་ནད། མཆིན་ཚིལ་རྒྱས་པའི་ནད་བཅས་ཐོན་སླ་པོ་ཡོད་པ་དང་། ཐ་ན་སྐྲན་ནད་འགའ་ཤས་ཀྱང་ལུས་པོ་རྒྱགས་དྲགས་པ་དང་འབྲེལ་བ་ངེས་ཅན་ཡོད། དེར་བརྟེན་མི་མི་རེ་ངོ་རེ་ནི་རང་ཉིད་ཀྱི་བདེ་ཐང་ལ་འགན་འཁུར་མཁན་ཨང་དང་པོར་འགྱུར་བ་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་རེད་ཅེས་དང་། ལའེ་ཧའེ་ཁྲའོ་ཡིས། དལ་བའི་རང་བཞིན་གྱི་ནད་སྔོན་འགོག་ཚོད་འཛིན་དང་ལུས་པོའི་ལྗིད་ཚད་ལ་དོ་དམ་བྱེད་སྐབས་འགོག་བཅོས་ཟུང་འབྲེལ་བྱ་རྒྱུར་མཐོང་ཆེན་དང་ཁྱད་པར་ཡོད་པའི་ཞབས་ཞུ་མཁོ་འདོན་བྱེད་དགོས། དཔེར་ན། མི་འགའ་ཤས་ཀྱི་སྐེད་པ་སྦོམ་དྲགས་པ་དང་། ལུས་པོ་རྒྱགས་དྲགས་པ། ཐ་ན་དེས་རྐྱེན་པས་དལ་བའི་རང་བཞིན་གྱི་ནད་ཕོག་པ་སོགས་ཡིན་ཚེ། ཆེད་ལས་སྨན་པ་དང་ཆེད་ལས་སྨན་བཅོས་ལས་ཁུངས་ཀྱི་རོགས་རམ་ཐོབ་ཐབས་བྱེད་དགོས་ཀྱི་ཡོད། ང་ཚོས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ལུས་པོའི་ལྗིད་ཚད་ལ་དོ་དམ་བྱེད་པའི་སྒོ་བསྟེན་ཚན་པ་འཛུགས་པ་བརྒྱུད། ལུས་པོའི་ཤ་རྒྱགས་དྲགས་པའི་གནད་དོན་འཕྲད་པའི་མི་རྣམས་ལ་ཆེད་ལས་ཀྱི་བློ་འདྲིའི་སྟེགས་བུ་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས། ཚང་མས་རང་ཉིད་ཀྱི་འབད་བརྩོན་དང་ཆེད་ལས་ཚན་པའི་རོགས་རམ་འོག རང་གི་ལུས་པོའི་ལྗིད་ཚད་ཚོད་འཛིན་དང་བདེ་ཐང་གི་འཚོ་བར་རོལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།