ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

སྐར་ཆ་200ཡིས་མི་ཞུཊ་མཁའ་སྐྱོད་ཕུཊ་འདུན་དོན་གཉེར་ལ་བདེན་དཔང་བྱས།

སྤེལ་དུས 2025-04-25 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

      2025ལོའི་ཟླ4པའི་ཚེས23ཉིན། ལྷ་གྲུ་ཉི་ཤུ་པ་རྟགས་ཅན་གྱི་མི་ཞུགས་འཕུར་སྐྱོད་ལས་འགན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་འཚོགས། 

      ལྷ་གྲུ་ཉི་ཤུ་པ་རྟགས་ཅན་པེ་ཅིང་གི་དུས་ཚོད་ཟླ4པའི་ཚེས24ཉིན་གྱི་ཆུ་ཚོད17དང་སྐར་མ17ཐོག་འཕེན་གཏོང་བྱ་རྒྱུ་ཡིན། 

      མཁའ་སྐྱོད་པ་གསུམ་ཏེ། ཁྲེན་ཏུང་དང་། ཁྲེན་ཀྲུང་རུའེ། ཝང་ཅེ་བཅས་ཀྱིས་ད་ཐེངས་ཀྱི་མི་ཞུགས་འཕུར་སྐྱོད་ཀྱི་ལས་འགན་བསྒྲུབ་རྒྱུ་རེད། 

      ཚོད་ལྟ་བྱེད་མཁན་མེད་པ་ནས་ཡུན་རིང་བཅའ་སྡོད་བྱེད་པའི་བར། ལྷ་གྲུའི་ཁྱིམ་རྒྱུད་ཀྱིས་ལོ་ངོ26རིང་འཚོལ་ཞིབ་བྱས་པ་བརྒྱུད། མི་ཞུགས་ལས་འགན་ལེགས་འགྲུབ་ཀྱི་ཕུགས་འདུན་དོན་དུ་གཉེར་བའི་འོད་འཚེར་ལམ་བུ་ཞིག་བཏིང་ཡོད། 

      མ་འོངས་པར། ཀྲུང་གོས་བར་སྣང་ཁམས་ལ་འཚོལ་ཞིབ་བྱེད་པའི་གོམ་སྟབས་སྔར་བས་བརྟན་པ་དང་སྔར་བས་ཐག་རིང་སར་སྤོ་ངེས་རེད། 

 

རྩོམ་སྒྲིག་པ། མང་ག་མཚོ།