ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

སྐྱིད་པའི་དྲུག་གཅིག་ཅི་དགར་རོལ། དགའ་བའི་འཛུམ་མདངས་ལྷུག་པོར་གྲོལ།

སྤེལ་དུས 2025-06-04 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཟླ་5ཚེས་30ཉིན། ལྷོ་ཁ་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གཉིས་པས“དྲུག་གཅིག”གི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ཞིང་། འདི་ནི་རིག་རྩལ་འཁྲབ་སྟོན་བྱ་ཡུལ་ཡིན་པ།
  “དྲུག་གཅིག”སྐབས། མངའ་རིས་ཡན་ལག་དམག་ཁུལ་ཁང་གི་མཐའ་སྲུང་བརྒྱ་ཤོག་ཅིག་གི་མཐའ་སྲུང་དཔོན་དམག་རྩ་མདའ་རྫོང་བསྟི་ཡག་ཤང་སློབ་ཆུང་དུ་བསྐྱོད་ནས་དྲོ་སྐྱིད་སྦྱིན་པའི་འཚམས་འདྲིའི་བྱེད་སྒོ་སྤེལ་ཞིང་། འདི་ནི་དཔོན་དམག་ཚོས་སློབ་གྲོགས་ཚོ་དང་རོལ་རྩེད་རྩེ་བཞིན་པ།
  ཟླ་5ཚེས་30ཉིན། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གིས“བགྲང་བྱ་དྲུག་ཅུའི་མཚར་སྡུག་འོད་སྟོང་འཕྲོ། ས་མཐོའི་བུ་ཕྲུག་བློ་ཁ་ཏང་ལ་ཕྱོགས”ཞེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་ཞིང་། འདི་ནི་ཕྲུ་གུ་ཚོས་རལ་པ་འཁྲབ་བཞིན་པ།
  “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་རིང་། རང་ལྗོངས་ཀྱི་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཞིང་། གསོན་ཤུགས་ཀྱིས་ཁེངས་པའི་ཕ་མ་བུ་ཕྲུག་གི་ལུས་རྩལ་འགྲན་ཚོགས་ནས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བར་དང་། སྤྲོ་སྣང་གིས་ཁེངས་པའི་མཉམ་འགུལ་རོལ་རྩེད་ནས་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ལྡན་འགྲེམས་སྟོན་བར་གྱི་བྱེད་སྒོ་རབ་དང་རིམ་པས་བྱིས་པའི་དུས་ཆེན་ལ་མཐོ་རླབས་འཕྱུར་ནས“དྲུག་གཅིག”ལ་སྤྲོ་སྣང་གིས་ཁེངས་ཡོད།
  ཟླ་5ཚེས་31ཉིན་གྱི་སྔ་དྲོ། གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་ལྷ་ས་གྲོང་ཁྱེར་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་། ལྷ་ས་གྲོང་ཁྱེར་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་ཀྱིས་གཉེར་འགན་ཁུར་བའི“གངས་ལྗོངས་ཀྱི་བགྲང་བྱ་དྲུག་ཅུར་བསྟོད་གླུ་འབུལ། བྱིས་པའི་ཕུགས་འདུན་གཏོད་བཞིན་འབྱུང་འགྱུར་ལ་ཕྱོགས”ཞེས་པའི་དྲུག་གཅིག་གི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།
  ཉིན་ཤས་གོང་ཉིང་ཁྲི་གྲོང་ཁྱེར་གྱི་སློབ་གྲྭ་མང་པོས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱིས་དྲུག་གཅིག་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་ནས། ཕྲུ་གུ་ཚོར་ཤེས་རྩལ་ངོམས་སའི་གར་སྟེགས་ཤིག་བསྐྲུན་པ་རེད། ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་དང་པོས“དྲུག་གཅིག”ལ་རྟེན་འབྲེལ་ཞུ་བ་དང་སློབ་གྲྭའི་སྒྱུ་རྩལ་འགྲེམས་འཁྲབ་བྱེད་སྒོ་སྐབས་དྲུག་པ་སྤེལ་ཞིང་། ཕྲུ་གུ་ཚོས་ཞབས་བྲོ་དང་གྱེར་འདོན་སོགས་ཀྱི་རྣམ་པའི་ཐོག་ནས་དུས་རབས་གསར་པའི་ལོ་ཆུང་བྱིས་པའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱས་པ་རེད།
  ཟླ་5ཚེས་30ཉིན། ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་གིས“དྲུག་གཅིག”གི་བརྗོད་དོན་གཙོ་བོ་དང་ཟུང་འབྲེལ་བྱས་ཏེ་ཤེས་བྱའི་རང་བཞིན་དང་སྤྲོ་སྣང་རང་བཞིན་གཞི་གཅིག་ཏུ་འདུས་པའི་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། དྲིལ་བསྒྲགས་མི་སྣས་པར་རིས་དང་ཡི་གེ་གཉིས་བཀོད་ཀྱི་མེ་ཟོན་དྲིལ་བསྒྲགས་ལག་དེབ་སྤྲད་དེ་སློབ་གྲྭ་དང་ཁྱིམ་ཚང་གི་མེ་སྐྱོན་སྔོན་འགོག་དང་མེ་ཤོར་ས་ནས་ཐར་ཐབས་སོགས་ཀྱི་ཉེར་སྤྱོད་ཤེས་བྱ་འགྲེལ་བཤད་བྱས་པ་རེད།
  “དྲུག་གཅིག”མ་སླེབས་གོང་། ཨ་མདོ་རྫོང་མི་དམངས་ཁྲིམས་ཁང་ཏང་ཀྲི་པུས“མཚོ་བོད་ལམ་ཐིག་གི་གངས་ལྷ་མེ་ཏོག་ཁྱིམ་སྲུང་རུ་ཁག”དང་མཉམ་དུ“དྲུག་གཅིག”གི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། སྤྲོ་སྣང་ལྡན་པའི་མཉམ་འགུལ་རོལ་རྩེད་བརྒྱུད། བཅའ་ཁྲིམས་ཀྱི་གོ་དཀའ་བའི་ཤེས་བྱ་དག་སྤྲོ་སྣང་ལྡན་པའི་གཏམ་རྒྱུད་ཐོག་ནས་ཕྲུ་གུ་ཚོར་བཤད་དེ་ཁོང་ཚོར་སྒྲིག་བཀུར་ཁྲིམས་སྲུང་གི་སྤྱི་དམངས་ཆུང་ཆུང་ཞིག་བྱེད་རྒྱུ་སྐུལ་ལྕག་བྱས་པ་རེད།
  ཟླ་5ཚེས་30ཉིན། ལེགས་རྩེ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས“དྲུག་གཅིག”གི་བརྗོད་དོན་གཙོ་བོའི་ཉེན་རྟོག་དམག་སྒར་གྱི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། འབྲོང་པ་རྫོང་ཡག་ར་ཤང་སློབ་ཆུང་གི་དགེ་སློབ་30ལྷག་ཙམ་ཉེན་རྟོག་དམག་སྒར་དུ་གདན་དྲངས་ནས་ལྟ་སྐོར་དང་། འཚམས་འདྲི། བརྗོད་དོན་གཙོ་བོའི་གློག་བརྙན་ལྟ་བ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། མཐའ་མཚམས་ཀྱི་ལོ་ཆུང་བྱིས་པར་དོན་སྙིང་ལྡན་པའི་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།