ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ཀྱི་ལས་འཛིན་ཚོགས་ཆེན་སྐབས་བཞི་པ་པེ་ཅིང་དང་ལྷ་སར་དུས་མཉམ་དུ་འཚོགས་པ།
སྤེལ་དུས 2025-06-13
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ6པའི་ཚེས11ཉིན། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ཀྱི་ལས་འཛིན་ཚོགས་ཆེན་སྐབས་བཞི་པ་པེ་ཅིང་དང་ལྷ་སར་དུས་མཉམ་དུ་འཚོགས་པ་རེད།
ཚོགས་འདུས་ལས་འཛིན་ལྷན་ཚོགས་ཀྱི་སྐབས་གསུམ་པའི་ལས་དོན་ལ་ཕྱོགས་བསྡོམས་དང་། ལས་འཛིན་ལྷན་ཚོགས་སྐབས་གསུམ་པ་བཙུགས་ཚུན་བོད་ལྗོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་སྤྱི་ཡོངས་ལ་དམ་པོར་དམིགས་པ་དང་། བོད་ལྗོངས་རིག་གནས་ལ་སྲུང་སྐྱོང་དང་འཕེལ་རྒྱས། འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་། བོད་ལྗོངས་ཀྱི་མི་རིགས་ཁག་མཛའ་མཐུན་དང་མཉམ་དུ་ཡར་ཐོན་ཡོང་བའི་དམིགས་ཡུལ་ལ་སྐུལ་འདེད་བཏང་ནས། ལས་སྟེགས་གཞི་རྟེན་གསར་གཏོད་ཧུར་ཐག་བྱས་ཏེ་ཏན་ཏིག་དང་ཕན་ནུས་ཆེ་བའི་ལས་དོན་འབོར་ཆེན་བསྒྲུབས་ནས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པའི་ནན་བཤད་གནང་།
ཚོགས་འདུའི་ཐོག་ཏུ། ལས་འཛིན་ལྷན་ཚོགས་སྐབས་གསུམ་པའི་ལས་དོན་སྙན་ཞུར་གྲོས་ཞིབ་དང་། ལས་འཛིན་ལྷན་ཚོགས་གསར་པའི་འགོ་ཁྲིད་ཚན་པའི་ཁོངས་མི་འོས་སྦྱོར་བྱས་ནས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པ་དང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་སྐབས་བཞི་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་ཤིང་། ལིན་རུའེ་དང་། ཁྲེན་ཙུང་རུང་། དགྲ་འདུལ་སོགས་ཚོགས་གཙོ་གཞོན་པར་བདམས།
རྩོམ་སྒྲིག་པ། རིག་གྲོལ།