ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རྒྱལ་ཁབ་འདིསAIའཕྲུལ་མི་ཞིག་སྲིད་གཞུང་གི་པུའུ་ཀྲང་དུ་བསྐོས་འདུག

སྤེལ་དུས 2025-09-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
             ས་གནས་དེ་གའི་དུས་ཚོད་ཚེས12ཉིན་ཨར་པ་ནི་ཡའི་ཙུང་ཐུང་པེ་ཅ་དབྱི་ཡིས་ཨེ་ཏི·ལ་མ་ཙུང་ལི་རུ་དངོས་སུ་བསྐོ་གཞག་བྱས་པ་རེད། ལ་མ་ཡིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་ནང་བློན་ཁང་གསར་པའི་མིང་ཐོ་གཞིར་བཟུང་། ཁོང་གིས“ཏི་ཨའེ་ལ”ཞེས་པའི་མི་ཐབས་རིག་ནུས་ཀྱི་རྟོག་བཟོའི་མི་སྣ་ཞིག་སྤྱི་པའི་ཉོ་སྒྲུབ་པུའུ་ཀྲང་གི་འགན་འཁུར་རྒྱུར་བསྐོ་གཞག་བྱས་ཏེ།  ཨར་པ་ནི་ཡ་ཉིད་འཛམ་གླིང་ཐོག་མི་ཐབས་རིག་ནུས་ཀྱིས་སྲིད་གཞུང་གི་པུའུ་ཀྲང་གི་འགན་འཁུར་བའི་རྒྱལ་ཁབ་དང་པོར་གྱུར་ཡོད།

             “ཏི་ཨའེ་ལ”ཡི་རྟོག་བཟོའི་གཟུགས་བརྙན་ནི་སྲོལ་རྒྱུན་ཨར་པ་ཉི་ཡའི་གྱོན་ཆས་གྱོན་པའི་བུད་མེད་ཅིག་ཡིན་པ་རེད། དེ་ད་ལོའི་ཟླ་དང་པོར་སྤྱོད་འགོ་ཚུགས་ཤིང་། མི་ཐབས་རིག་ནུས་ཀྱི་ལས་རོགས་ཡིན་པའི་ངོས་ནས་ཨར་པ་ཉི་ཡ་བར་སྲིད་གཞུང་གི་ཡིག་ཆ་ལེན་རོགས་བྱེད་ཀྱི་ཡོད། གཞུང་ཕྱོགས་ཀྱི་གྲངས་གཞིར་གཞིགས་ན། མིག་སྔའི་བར་དུ“ཏི་ཨའེ་ལ”ཡིས་གྲངས་གཞིའི་ཡིག་ཆ་ཁྲི3.66གཤམ་སྤྲོད་བྱས་ཡོད།

རྩོམ་སྒྲིག་པ།  རིག་གྲོལ།