ཁ་སང་། གློག་བརྙན《731》ཞེས་པ་འཛམ་གླིང་ཡོངས་ལ་སྟོན་པ་ཁྱབ་བསྒྲགས་བྱས་པ་རེད། བཙན་འཛུལ་པས་དེ་སྔ་གནས་ཚུལ་དངོས་སྦས་སྐུང་བྱ་རྒྱུའི་རེ་ངན་བཅངས་མོད། འོན་ཀྱང་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་དམར་རྗེན་དུ་འདོན་པའི་ཆོད་སེམས་ལ་གཡོ་འགུལ་སྤུ་ཙམ་ཡང་གཏོང་ཐུབ་མེད།
གློག་བརྙན《731》འཛམ་གླིང་གི་ས་གནས་མང་པོར་སྟོན་གྲབས་ཡོད་པས། ཁྲག་དྲོན་གྱིས་དམར་པོར་གྱུར་བའི་སྔར་སོང་གི་ལོ་རྒྱུས་དག་འཛམ་བུ་གླིང་གི་སྐྱེ་འགྲོ་ཀུན་གྱི་འཇིགས་ཟོན་བྱ་ཡུལ་དུ་གྱུར་ཡོད།
ཟླ9པའི་ཚེས18ཉིན་ནས་བཟུང་གློག་བརྙན་སྟོན་འགོ་བརྩམས་ཏེ། ཞི་བདེར་བཅངས་པའི་དད་འདུན་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པ་བྱ་རྒྱུ་རེད།
རྩོམ་སྒྲིག་པ། རིག་གྲོལ།