ཀན་སུའུ་ཏུན་ཧོང་དུ་དགུན་དཔྱིད་ཡུལ་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་འགོ་ཚུགས་པ།
སྤེལ་དུས 2025-12-04
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ཟླ་12ཚེས་1ཉིན། ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་དུ་2025ལོ་ནས་2026ལོའི་བར་གྱི་དགུན་དཔྱིད་ཡུལ་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ་རེད། 2025ལོའི་ཟླ་12ཚེས་1ཉིན་ནས་2026ལོའི་ཟླ་3ཚེས་31ཉིན་བར། ཏུན་ཧོང་གྲོང་ཁྱེར་མོ་ཀའོ་བྲག་ཕུག་དང་། མིན་ཧྲ་རི་བོའི་གཡོད་ཡ་ཆོན། དབྱང་ཀོན་ཡུས་མོན་ཀོན་ཡུལ་སྐོར་ཁུལ། ཏུན་ཧོང་ཡ་ཏན་འཛམ་གླིང་ས་གཤིས་སྤྱི་གླིང་སོགས་མཛེས་ལྗོངས་ཁུལ་གྱི་སྤ་སེའི་རིན་གོང་ཕྱེད་ཀ་གཅོག་རྒྱུ་ཡིན་ཞིང་། འདི་ནི་ཟླ་12ཚེས་1ཉིན། ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་མིན་ཧྲ་རི་བོའི་གཡོད་ཡ་ཆོན་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་རྔ་མོང་བཞོན་ནས་བྱེ་ཐང་དུ་སྐྱོད་བཞིན་པ།