ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

པང་ལེབ་རྐྱང་པའི་གངས་ཤུད་མཆོང་སྟེགས་ཆེན་པོའི་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་སུའུ་དབྱི་མིང་གིས་ཨང་དང་པོ་བླངས་པ།

སྤེལ་དུས 2025-12-08 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
       ཟླ་12ཚེས་6ཉིན། 2025ལོ་ནས་2026ལོའི་འགྲན་དུས་ཀྱི་རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་པང་ལེབ་རྐྱང་པ་དང་རང་མོས་རྣམ་པའི་གངས་ཤུད་མཆོང་སྟེགས་ཆེན་པོའི་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་པེ་ཅིང་ས་ཚིགས་ཀྱི་པང་ལེབ་རྐྱང་པའི་གངས་ཤུད་མཆོང་སྟེགས་ཆེན་པོའི་སྐྱེས་པའི་ཚོགས་ཆུང་གི་མཐའ་བསྡུར་ཧྲོའུ་ཀང་གངས་ཤུད་མཆོང་སྟེགས་ཆེན་པོར་འཚོགས་པ་རེད། འདི་ནི་ཨང་དང་པོ་ཐོབ་མཁན་ཀྲུང་གོའི་བདམས་ཐོན་པ་སུའུ་དབྱི་མིང་གིས་བྱ་དགའ་ལེན་བཞིན་པ།