ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

པེ་ཅིང་གིས་ཨོ་ལིམ་ཕིག་ལྟེ་བའི་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ།

སྤེལ་དུས 2025-12-08 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཉིན་ཤས་གོང་། པེ་ཅིང་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དང་ཁྲའོ་དབྱང་ཆུས་སྲིད་གཞུང་གིས་མཉམ་དུ་སྒྲིག་བཟོ་བྱས་པའི《པེ་ཅིང་ཨོ་ལིམ་ཕིག་ལྟེ་བའི་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་པོ་གཏོང་བའི་བྱ་སྤྱོད་འཆར་གཞི(2025ལོ་ནས་2027ལོ་བར)》དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། པེ་ཅིང་གིས“ཨོ་གཉིས”ཤུལ་བཞག་གི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས། ཨོ་ལིམ་ཕིག་ལྟེ་བའི་ཁུལ་གྱི་ནུས་པ་དང་སྤུས་ཚད་མཐོ་རུ་བཏང་སྟེ། རིག་གནས་དང་། ཚོང་ལས། ཡུལ་སྐོར། ལུས་རྩལ། འགྲེམས་སྟོན་བཅས་མཉམ་འདྲེས་འཛད་སྤྱོད་ཀྱི་གཞི་རྟེན་གསར་པ་གཏོད་རྒྱུ་རེད།
  པེ་ཅིང་ཨོ་ལིམ་ཕིག་ལྟེ་བའི་ཁུལ་ནི་གོ་ལ་ཧྲིལ་པོའི“ཨོ་གཉིས”གླིང་ཁུལ་འབའ་ཞིག་དེ་ཡིན་ལ། ཨོ་ལིམ་ཕིག་གི་རིག་གནས་གཅིག་ཏུ་འདུས་སའང་རེད། བྱ་སྤྱོད་འཆར་གཞིར་གཞིགས་ན། བར་སྟོང་བཀོད་སྒྲིག་ཐད། ཨོ་ལིམ་ཕིག་ལྟེ་བའི་ཁུལ་གྱིས“མདའ་གཅིག་དང་། རྒྱུད་གཅིག སྣེ་བཞི། ཁུལ་གཉིས”ཀྱི་བྱེད་ནུས་བཀོད་པ་ལེགས་སུ་གཏོང་རྒྱུ་ཡིན་པ་རེད། བྱང་རྒྱུད་དཀྱིལ་མདའ་དང་སྣུར་སྲིང་ཐིག་ལྟེ་བའི་བྱེད་ནུས་མདའ་རུ་བྱས་ཏེ། ཁྱད་འཕགས་བརྗིད་ཆགས་ཀྱི་བར་སྟོང་གོ་རིམ་འཐུས་ཚང་དུ་གཏོང་རྒྱུ་རེད། འབྲུག་དབྱིབས་ཀྱི་ཆུའི་མ་ལག་དེ་གསོན་ཤུགས་ལྡན་པའི་སྤྲོ་གསེང་ཁུལ་དུ་བྱས་ཏེ“སྔོ་ལྗང་མཉམ་འདྲེས”ཀྱི་སྐྱེ་ཁམས་ཆུ་འགྲམ་བར་ཁྱམས་བསྐྲུན་རྒྱུ་རེད།
  གཙོ་ཁྲིད་ཀྱི་བྱེད་ནུས་ཐད། ཨོ་ལིམ་ཕིག་ལྟེ་བའི་ཁུལ་གྱིས“ཨོ་གཉིས”ཀྱི་ཁྱད་ཆོས་ཆེ་རུ་དང་། རིག་གནས་རྒྱུན་འཛིན་མཐའ་འཁྱོངས། ཚོང་ལས་མཉམ་འདྲེས་ལ་དམིགས་པ། མི་རྩ་བར་འཛིན་རྒྱུ་འབུར་དུ་མངོན་པ་བཅས་བྱ་རྒྱུ་རེད། རྒྱལ་ཁབ་རིམ་པའི་ལུས་རྩལ་ཐང་དང་ཁང་ཆེན་པོ་བདུན་གཞི་རྟེན་དུ་བྱས་ནས། རྒྱལ་སྤྱིའི་ལུས་རྩལ་འགྲན་བསྡུར་དང་གསར་དར་འཕྲུལ་མིའི་ལུས་རྩལ་སོགས་ཀྱི་རྣམ་པ་རྒྱ་སྐྱེད་གཏོང་རྒྱུ་དང་། རྒྱལ་ཁབ་ཆེན་པོ་བརྒྱད་དང་གྲོང་ཁྱེར་རིམ་པའི་རིག་གནས་ཚན་རྩལ་ཁང་གཞི་རྟེན་དུ་བྱས་ནས་ལོ་རྒྱུས་རིག་གནས་ཞིབ་སློབ་དང་། བཟོ་རིགས་མཛེས་རྩལ་འཛད་སྤྱོད། ཚན་རྩལ་མཉམ་འགུལ་ཉམས་ལེན་སོགས་ཀྱི་རྣམ་པ་གསར་གཏོད་བྱ་རྒྱུ། རྒྱལ་ཁབ་ཚོགས་འདུ་ལྟེ་གནས་དང་དེ་བཞིན་ཉེ་འཁོར་གྱི་གསོལ་མགྲོན་ཁང་དང་། ཚོང་ལས་ཐོག་ཁང་། ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་སོགས་གཞི་རྟེན་དུ་བྱས་ནས་འགྲེམས་ཚོགས་ཀྱི་བྱེད་སྒོ་དེ་བས་མང་བ་ནང་འདྲེན་བྱ་རྒྱུ། ཨོ་ལིམ་ཕིག་ནགས་ཚལ་སྤྱི་གླིང་ལྟེ་བར་བྱས་ནས་ཕྱི་རོལ་གྱི་སྤྲོ་གསེང་ལུས་རྩལ་དང་། བདེ་ཐང་འཚོ་བའི་ལས་སྟེགས། ཕ་བུའི་དར་སྲོལ་རླབས་རྒྱུན་སོགས་ཀྱི་རྣམ་པ་མཉམ་འདྲེས་བྱས་ཏེ། ཨོ་ལིམ་ཕིག་ནགས་ཚལ་སྤྱི་གླིང་གི་སྤྲོ་གསེང་བསྐྲུན་རྒྱུ་བཅས་རེད།